- phan khang mkhan chen byams pa dpal ldan bzang po
- ID:
- T236578
- ཕན་ཁང་མཁན་ཆེན་བྱམས་པ་དཔལ་ལྡན་བཟང་པོ (Tibetan, Tibetan script, Original)
- > phan khang mkhan chen byams pa dpal ldan bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > pen khang khenchen jampa palden zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ལྔ་བཅུ་པ་ཡིན། གཙང་གི་ཆར་ཆོས་གྲྭ་དགའ་བ་གདོང་དུ་གྲགས་པའི་ཉེ་འདབས་པ་སྣམ་བུ་སྐུ་འཁྲུངས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་དབོན་པོ་རིན་ཆེན་མཆོག་གྲུབ་ཀྱི་སྤྲུལ་སྐུར་ངོར་ཨེ་ཝཾ་དུ་ཕེབས། ཕན་བདེ་བླ་བྲང་དུ་བཞུགས་ནས་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དུ་མ་ལས་ལམ་འབྲས་སོགས་དམ་ཆོས་མཐའ་ཡས་པ་གསན། ཨེ་ཝཾ་པའི་གསེར་ཁྲི་ལ་ཞབས་པད་བཀོད་དེ་འཇམ་མགོན་ངག་དབང་ལེགས་གྲུབ་སོགས་སྐྱེ་འགྲོ་མཐའ་ཡས་པ་ཕན་བདེའི་ལམ་བཀོད་པར་མཛད་དོ། །
- language:
- Tibetan