- phan khang mkhan po kun dga' bstan pa'i blo gros
- ID:
- T236579
- ཕན་ཁང་མཁན་པོ་ཀུན་དགའ་བསྟན་པའི་བློ་གྲོས (Tibetan, Tibetan script, Original)
- > phan khang mkhan po kun dga' bstan pa'i blo gros (Tibetan, Latin script, Transliteration-THL Extended Wylie Transliteration)
- > pen khang khenpo kün ga tenpé lodrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ང་གསུམ་པ་ཡིན། ཨེ་ཝཾ་ཆོས་ལྡན་གྱི་རྒྱབ་ཕྱོགས་སུ་རྟོགས་ལྡན་དགོན་བཀྲ་ཤིས་ཆོས་ལྡིངས་སུ་རབ་བྱུང་བཅུ་བཞི་པའི་ཆུ་རྟ་སྤྱི་ལོ་ (༡༨༢༢) ལོར་ཡབ་ཡུམ་བརྒྱུད་པ་བཟང་པོར་སྐུ་འཁྲུངས། དཔལ་ལྡན་ཆོས་སྐྱོང་གི་དབོན་རིན་ཆེན་ཆོས་མཛད་ཀྱི་སྐུ་སྐྱེར་ཕན་བདེ་བླ་བྲང་དུ་བྱོན། རྣལ་འབྱོར་འཇམ་དཔལ་བཟང་པོ་ལས་གསུང་ངག་རིན་པོ་ཆེ་སོགས་ཡབ་ཆོས་དུ་མ་གསན། དགུང་གྲངས་ཉེར་བདུན་པ་རབ་བྱུང་བཅུ་བཞི་པའི་ས་སྤྲེལ་སྤྱི་ལོ་ (༡༨༤༨) ལོར་ཁྲིར་ཕེབས། གདན་ས་ལོ་བཞི་མཛད། མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན་སོགས་བུ་སློབ་དུ་མ་བསྐྲུན། དགུང་གྲངས་རེ་གསུམ་སྟེ་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་སྤྱི་ལོ་ (༡༨༨༤) ལོར་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །
- language:
- Tibetan