Skip to main content Skip to search
phan khang mkhan po dpal ldan blo gros rgyal mtshan dpal bzang po
ID:
T236580
  • ཕན་ཁང་མཁན་པོ་དཔལ་ལྡན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ (Tibetan, Tibetan script, Original)
    • > phan khang mkhan po dpal ldan blo gros rgyal mtshan dpal bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pen khang khenpo palden lodrö gyaltsen palzangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ང་བདུན་པ་ཡིན། གཙང་པ་སྣམ་དུ་བྱམས་པ་དཔལ་ལྡན་བཟང་པོའི་རིགས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་བྱི་སྤྱི་ལོ་ (༡༨༤༠) ལོར་སྐུ་བལྟམས། ཆུང་ངུའི་དུས་སུ་དགའ་གདོང་དུ་བཞུགས་ཀྱང་བྱམས་པ་དཔལ་ལྡན་བཟང་པོའི་དབོན་རིགས་ཡིན་པས་ཕན་བདེ་བླ་བྲང་དུ་སྤྱན་དྲངས། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ལས་བསྙེན་པར་རྫོགས། འཇམ་མགོན་ངག་དབང་ལེགས་གྲུབ་སོགས་ལས་ཡབ་ཆོས་མཐའ་ཡས་པས་ཐུགས་ཀྱི་བུམ་བཟང་གཏམས། བགྲང་བྱ་རྒྱལ་སྲིད་གྲངས་ལྡན་རྒྱལ་བ་རྡོ་རྗེ་འཆང་གི་འཕྲིན་ལས་ལ་དབང་བསྒྱུར་ནས་མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ་བུ་སློབ་མང་པོ་བསྐྱངས་ནས་དགུང་གྲངས་རེ་གཅིག་པ་སྟེ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་སྤྱི་ལོ་ (༡༩༠༠) ལོར་སྐུ་མྱ་ངན་ལས་འདས་པའོ། །

language:
Tibetan