- phan khang ngag dbang mkhas grub rgya mtsho
- ID:
- T236581
- ཕན་ཁང་ངག་དབང་མཁས་གྲུབ་རྒྱ་མཚོ (Tibetan, Tibetan script, Original)
- > phan khang ngag dbang mkhas grub rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > pen khang ngawang khedrub gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བདུན་ཅུ་པ་ཡིན། ཁམས་སྒ་སྟོད་འཛིན་འདའ་ཞེས་པར་ཡབ་བྱང་ཆུབ་བཟང་པོ་དང་ཡུམ་དོན་གྲུབ་མཚོ་མོ་ཞེས་པར་སྐུ་གོང་མ་བྱམས་པ་དཔལ་ལྡན་ཆོས་མཛད་ཀྱི་ཞལ་ཆེམས་བཞིན་རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་སྤྱི་ལོ་ (༡༩༡༧) ཟླ་བ་བདུན་པའི་ཚེས་གཅིག་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་མཚན་དཔེའི་དཀྱིལ་འཁོར་གསར་དུ་བཞད། ངོར་ཕན་བདེ་བླ་བྲང་དུ་བཞུགས་ནས་ངག་དབང་ཡོན་ཏན་རྒྱ་མཚོ་ལས་བསྙེན་པར་རྫོགས་ཤིང་ལམ་འབྲས་ཚོགས་བཤད་གསན། དམ་པ་རིན་པོ་ཆེ་སྤྱི་བོའི་གཙུག་ཏུ་བསྟེན་ཏེ་རྒྱུད་སྡེ་ཀུན་བཏུས་དང་སྒྲུབ་ཐབས་ཀུན་བཏུས་ལམ་འབྲས་སློབ་བཤད་སོགས་ཡབ་ཆོས་དུ་མས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། རྒྱལ་བ་རྡོ་རྗེ་འཆང་གི་ཁྲིར་ཕེབས། སྔ་ཕྱིར་གདན་ས་ལོ་དྲུག་མཛད། སྐལ་ལྡན་བུ་སློབ་བརྒྱ་ཕྲག་མང་པོར་རྒྱུད་སྡེ་ཀུན་བཏུས་དང་། སྔ་ཕྱིར་ལམ་འབྲས་ཚར་དྲུག་ཙམ་གསུངས་ཤིང་འཁོར་ཚོགས་ལེགས་པར་བསྐྱངས། སྐུ་ཚེ་ཧྲིལ་པོར་སྟོབས་འབྱོར་ཆོས་ཀྱིས་སྒྲུབ་པའི་སྤྱོད་པ་སྤངས་ཏེ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་མངོན་དུ་མཛད། མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གནས་མཆོག་འཕགས་ཡུལ་ར་ཇི་སྤུར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པར་མཛད་དོ། །
- language:
- Tibetan