- phu tho hran
- ID:
- T236633
- ཕུ་ཐོ་ཧྲན (Tibetan, Tibetan script, Original)
- > phu tho hran (Tibetan, Latin script, Transliteration-THL Extended Wylie Transliteration)
- > pu to hren (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(普陀山)རྒྱ་ནག་གི་ནང་པའི་གནས་རི་རྩ་ཆེན་བཞིའི་ཡ་གྱལ་ཞིག་སྟེ་ཀྲེ་ཅང་ཞིང་ཆེན་ཕུ་ཐོ་རྫོང་ཁོངས་སུ་ཡོད་ཅིང་། ཀྲའུ་ཧྲན་གླིང་ཚོམ་གྱི་ཁོངས་སུ་གཏོགས། ཕུ་ཐོ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་པོ་ཏ་ལ་ཞེས་པར་ཟུར་ཆག་པ་དང་། གྲུ་འཛིན་གྱི་དོན་ཡིན་པས་བོད་མིས་གྲུ་འཛིན་དང་པོ་ཞེས(བོད་ཀྱི་ཕོ་བྲང་པོ་ཏ་ལར་གྲུ་འཛིན་གཉིས་པ་ཟེར)བརྗོད། ནང་པ་སངས་རྒྱས་པའི་ཤོད་ཚུལ་ལ་རི་བོ་དེ་ལུང་གིས་ཟིན་པའི་སྦྱན་རས་གཟིགས་ཀྱི་གནས་རི་ཡིན་པ་དང་གནའ་རབས་རྒྱ་གར་གྱི་གྲུབ་ཆེན་ཞིག་གིས་འདིར་སྒྲུབ་པ་ཡུན་རིང་མཛད་སྟབས་འཕགས་མཆོག་སྤྱན་རས་གཟིསག་ཀྱི་ཞལ་དངོས་སུ་གཟིགས་ཏེ་ཁོང་ལ་ཁ་མདོག་བདུན་ལྡན་གྱི་ནོར་བུ་གཟི་འོད་འབར་བ་ཞིག་གནང་བ་ནས་བཟུང་མ་ཧྭ་ཙི་ནའི་སྐྱེ་བོ་རྣམས་ཀྱིས་རི་བོ་འདི་འཕགས་མཆོག་སྤྱན་རས་གཟིགས་དངོས་སུ་བཞུགས་པའི་གནས་སུ་ངོས་བཟུང་ནས་རྒྱལ་རབས་རིམ་བྱུང་ནང་དགེ་འདུན་གྱི་སྡེ་བཙུགས་ཤིང་རྟེན་བཞེངས་བསམ་གྱིས་མི་ཁྱབ་པ་བྱས་ཞེས་རྒྱའི་ཡིག་ཆར་གསལ་ལ། ཕུ་ཐོ་ཧྲན་གྱི་ཕྱོགས་བཞི་མཚོ་ཡིས་བསྐོར་ཅིང་། ཡུལ་ལྗོངས་རབ་ཏུ་བརྗིད་པས་མི་ཚོས་གནས་འདིར་མཚོ་གླིང་ཆོས་ཀྱི་ཞིང་ཁམས(海天佛国)ཞེས་མཚན་གསོལ།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་ནག་གི་ནང་པའི་གནས་རི་རྩ་ཆེན་བཞིའི་ཡ་གྱལ་ཞིག་སྟེ་ཀྲེ་ཅང་ཞིང་ཆེན་ཕུ་ཐོ་རྫོང་ཁོངས་སུ་ཡོད་ཅིང་། ཀྲའུ་ཧྲན་གླིང་ཚོམ་གྱི་ཁོངས་སུ་གཏོགས། ཕུ་ཐོ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་པོ་ཏ་ལ་ཟེར་པར་ཟུར་ཆག་པ་དང་། གྲུ་འཛིན་གྱི་དོན་ཡིན་པས་བོད་མིས་གྲུ་འཛིན་དབང་པོ་ཞེས (བོད་ཀྱི་ཕོ་བྲང་པོ་ཏ་ལར་གྲུ་འཛིན་གཉིས་པ་ཟེར) བརྗོད། ནང་པ་སངས་རྒྱས་པའི་ཤོད་ཚུལ་ལ་རི་བོ་དེ་ལུང་གིས་ཟིན་པའི་སྤྱན་རས་གཟིགས་ཀྱི་གནས་རི་ཡིན་པ་དང་གནའ་རབས་རྒྱ་གར་གྱི་གྲུབ་ཆེན་ཞིག་གིས་འདིར་སྒྲུབ་པ་ཡུན་རིང་མཛད་སྐབས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞལ་དངོས་སུ་གཟིགས་ཏེ་ཁོང་ལ་ཁ་མདོག་བདུན་ལྡན་གྱི་ནོར་བུ་གཟི་འོད་འབར་བ་ཞིག་གནང་བ་ནས་བཟུང་མ་ཧྭ་ཙི་ནའི་སྐྱེ་བོ་རྣམས་ཀྱིས་རི་བོ་འདི་འཕགས་མཆོག་སྤྱན་རས་གཟིགས་དངོས་སུ་བཞུགས་པའི་གནས་སུ་ངོས་བཟུང་ནས་རྒྱལ་རབས་རིམ་བྱུང་ནང་དགེ་འདུན་གྱི་སྡེ་བཙུགས་ཤིང་རྟེན་བཞེངས་བསམ་གྱིས་མི་ཁྱབ་པ་བྱས་ཞེས་རྒྱའི་ཡིག་ཆར་གསལ་ལ། ཕུ་ཐོ་ཧྲན་གྱི་ཕྱོགས་བཞི་མཚོ་ཡིས་བསྐོར་ཅིང་། ཡུལ་ལྗོངས་རབ་ཏུ་བརྗིད་པས་མི་ཚོས་གནས་འདིར་མཚོ་གླིང་ཆོས་ཀྱི་ཞིང་ཁམས། ཞེས་མཚན་གསོལ།
- language:
- Tibetan