Skip to main content Skip to search
phur lcog byams pa rgya mtsho
ID:
T236687
  • ཕུར་ལྕོག་བྱམས་པ་རྒྱ་མཚོ (Tibetan, Tibetan script, Original)
    • > phur lcog byams pa rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pur chok jampa gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་ཁམས་རྫ་ཆུ་ཨོར་ཏོག་གི་འབྲོག་པ་ཡབ་བྱམས་ཆོས་དང་ཡུམ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་བྱ་༡༨༢༥ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་དབུས་སུ་གདན་དྲངས་ཏེ་ཕུར་ལྕོག་རི་ཁྲོད་དུ་བཞུགས། གནས་བླ་མས་ཕྱག་བྲིས་དང་འདོན་བྱ་སོགས་ཀྱི་སྐུ་ཡོན་བསྒྲོན། དགུང་ལོ་བཅུ་ལ་སེ་ར་ཐེག་ཆེན་གླིང་བྱེས་པ་གྲྭ་ཚང་དུ་ཆོས་ཞུགས་མཛད། ལོ་དེར་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ། མཚན་བྱམས་པ་ཚུལ་ཁྲིམས་རྒྱ་མཚོ་ཞེས་བསྩལ། དེ་ནས་པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་དགེ་ཚུལ་བསྒྲུབ། ཡོངས་འཛིན་དགེ་བཤེས་གྲགས་པ་བརྩོན་འགྲུས་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོང་མཛད། དགུང་ལོ་བཅུ་བཞི་ལ་ཕར་ཕྱིན་ཚོགས་ལངས་གནང་། དེའི་རྗེས་ཚོགས་ཆེན་དུ་སྔ་ཕྱི་ཐེངས་གསུམ་ཙམ་ཚོགས་ལངས་མཛད། དགུང་ལོ་ཉི་ཤུ་ལ་པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་གཅིག་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་བཞེས། མདོ་སྔགས་ཀྱི་རིགས་པའམ་གཞུང་ལུགས་སྤྱི་ལ་མཁས་པའི་གོ་འཕང་རྙེད། གསུང་ཆོས《དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་གངྒཱའི་ཆུ་རྒྱུན་འབབ་པའི་ཟེགས་མ》《གསང་བདེ་འཇིགས་གསུམ་ལ་བརྟེན་པའི་བླ་མ་རྣལ་འབྱོར་འཇིགས་མཛད་དཔའ་པོ》《རྟ་མགྲིན་མགོན་དཀར་བཅས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་རྩོལ》《ཚད་མའི་གཞུང་དོན་འབྱེད་པའི་བསྡུས་གྲྭའི་རྣམ་གཞག་རིགས་ལམ་འཕྲུལ་གྱི་ལྡེ་མིག་ལས་རིགས་ལམ་ཆུང་ངུའི་རྣམ་བཤད》《རིགས་ལམ་ཆེ་འབྲིང་གི་རྣམ་བཤད》《སྐྱབས་མགོན་རྒྱལ་བའི་དབང་པོ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཁྱེན་རབ་འཕྲིན་ལས་རྒྱ་མཚོའི་དཔལ་བཟང་པོའི་རྣམ་ཐར》སོགས་པོད་འབྲིང་གཉིས་ལྷག་བཀའ་རྩོམ་མཛད། དགུང་ལོ་སོ་བདུན་ལ་ཕེབས་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་ཡོངས་འཛིན་གྱི་ཐུགས་འགན་བཞེས། དགུང་ལོ་ང་ལྔ་ལ་ཕེབས་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་ཡོངས་འཛིན་གནང་། བསྙེན་རྫོགས་མཁན་སློབ་སྦྲགས་མ་དང་མདོ་སྔགས་ཀྱི་དབང་ལུང་ཁྲིད་སོགས་ཆ་ཚང་འབུལ་བཞེས་མཛད། དགུང་ལོ་བདུན་ཅུ་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་༡༨༩༤ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་ཁམས་རྫ་ཆུ་ཨོར་ཏོག་གི་འབྲོག་པ་ཡབ་བྱམས་ཆོས་དང་ཡུམ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་བྱསྤྱི་ལོ (༡༨༢༥) ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་དབུས་སུ་གདན་དྲངས་ཏེ་ཕུར་ལྕོག་རི་ཁྲོད་དུ་བཞུགས། གནས་བླ་མས་ཕྱག་བྲིས་དང་འདོན་བྱ་སོགས་ཀྱི་སྐུ་ཡོན་བསྒྲོན། དགུང་ལོ་བཅུ་ལ་སེ་ར་ཐེག་ཆེན་གླིང་བྱེས་པ་གྲྭ་ཚང་དུ་ཆོས་ཞུགས་མཛད། ལོ་དེར་རྒྱལ་དབང་སྐུ་ཕྲེང་བཅུ་པ། ཚུལ་ཁྲིམས་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ། མཚན་བྱམས་པ་ཚུལ་ཁྲིམས་རྒྱ་མཚོ་ཞེས་བསྩལ། གསུང་ཆོས་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་གངྒཱའི་ཆུ་རྒྱུན་འབབ་པའི་ཟེགས་མ》 གསང་བདེ་འཇིགས་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འཇིགས་མཛད་དཔའ་བོ》 རྟ་མགྲིན་མགོན་དཀར་བཅས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་རྩོལ》 ཚད་མའི་གཞུང་དོན་འབྱེད་པའི་བསྡུས་གྲྭའི་རྣམ་གཞག་རིགས་ལམ་འཕྲུལ་གྱི་ལྡེ་མིག་ལས་རིགས་ལམ་ཆུང་ངུའི་རྣམ་བཤད》 རིགས་ལམ་ཆེ་འབྲིང་གི་རྣམ་བཤད》 སྐྱབས་མགོན་རྒྱལ་བའི་དབང་པོ་རྗེ་བཙུན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཁྱེན་རབ་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར》སོགས་པོད་འབྲིང་གཉིས་ལྷག་བཀའ་རྩོམ་མཛད། དགུང་ལོ་སོ་བདུན་ལ་ཕེབས་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་གྱི་ཐུགས་འགན་བཞེས། དགུང་ལོ་ང་ལྔ་ལ་ཕེབས་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་ཡོངས་འཛིན་གནང་། བསྙེན་རྫོགས་མཁན་སློབ་སྦྲགས་མ་དང་མདོ་སྔགས་ཀྱི་དབང་ལུང་ཁྲིད་སོགས་ཆ་ཚང་འབུལ་བཞེས་མཛད། དགུང་ལོ་བདུན་ཅུ་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་སྤྱི་ལོ (༡༨༩༤) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ 1825 ལོར་ཁམས་རྫ་ཆུ་ཨོར་ཏོག་གི་འབྲོག་ཡུལ་དུ་ཡབ་བྱམས་ཆོས་དང་། ཡུམ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ 1901 ལོར་སྐུ་གཤེགས། ཁོང་དགུང་ལོ་ལྔ་པར་དབུས་སུ་གདན་དྲངས་ནས་ཕུར་ལྕོག་རི་ཁྲོད་དུ་བཞུགས་ཤིང་གནས་བླ་མ་ལས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་གསན་སྦྱོང་མཛད། དགུང་ལོ་བཅུ་པར་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཆོས་ཞུགས་མཛད་ཅིང་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་ལ་[1059]གཙུག་ཕུད་ཕུལ་ཞིང་མཚན་ལ་བྱམས་པ་ཚུལ་ཁྲིམས་རྒྱ་མཚོ་ཞེས་གསོལ། དེ་ནས་པཎ་ཆེན་བསྟན་པའི་ཉི་མ་ལས་དགེ་ཚུལ་བསྒྲུབས། ཡོངས་འཛིན་དགེ་བཤེས་གྲགས་པ་བརྩོན་འགྲུས་སོགས་ལ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། དགུང་ལོ་ཉི་ཤུ་ཐམ་པར་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་གཅིག་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་ལྷ་རམས་པའི་གྲྭ་སྐོར་མཛད། དགུང་ལོ་སོ་བདུན་པར་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་མཛད། དགུང་ལོ་ལྔ་བཅུ་ང་གསུམ་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་མཛད་ཅིང་བསྙེན་རྫོགས་ཀྱི་མཁན་སློབ་སྦྲགས་མ་བཅས་མཛད། མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་མང་པོས་མཆོད་པ་ཕུལ། དགུང་ལོ་བདུན་ཅུ་དོན་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི《རིགས་ལམ་ཆེ་བའི་རྣམ་བཤད》དང་། 《རྒྱལ་བ་འཕྲིན་ལས་རྒྱ་མཚོའི་རྣམ་ཐར་དྭངས་ཤེལ་མེ་ལོང་》། 《ཨ་ཕྱིའི་གསོལ་མཆོད》བཅས་ཆོས་ཚན་བཞི་བཅུ་ཞེ་བཞི་ལོངས་པའི་པོད་གཉིས་བཞུགས་སོ། །

language:
Tibetan