- pho ba'i zangs tshags
- ID:
- T236720
- ཕོ་བའི་ཟངས་ཚགས (Tibetan, Tibetan script, Original)
- > pho ba'i zangs tshags (Tibetan, Latin script, Transliteration-THL Extended Wylie Transliteration)
- > powé zang tsak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་ཕོ་བ་དང་། རྒྱུ་མའི་འབྲེལ་མཚམས་ཀྱི་མིང་སྟེ། འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་རྒྱུད་བཞིའི་བཤད་པ་གཞན་ལ་ཕན་པའི་གཏེར་ལས། མཁྲིས་པ་འཇུ་བྱེད་གནས་ཞུ་དང་མ་ཞུའི་བར་ཕོ་བའི་ཟངས་ཚགས་ཀྱི་འོག་ཏུ་གནས། ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཕོ་བའི་ཟངས་ཚགས་ནི། ཕོ་བའི་གཞུག་དང་། རྒྱུ་མའི་སྟོད་གཉིས་བར་གྱི་འབྲེལ་མཚམས་ལ་ཟེར་ཏེ། དེས་ཟས་སྐོམ་མྱག་བཞུ་སྦྱངས་པ་རྣམས་ཕྱིར་བཏང་ཞིང་དེ་མིན་བསྲུང་བར་བྱེད་དེ་དཔེར་ན། ཟས་སྐོམ་གར་སླ་ཚགས་ལ་དྲངས་པ་ལྟར་བྱེད་པས་ན་ཟངས་ཚགས་ཞེས་ཟེར་རོ། །
- language:
- Tibetan