- pho brang ldan dkar
- ID:
- T236730
- ཕོ་བྲང་ལྡན་དཀར (Tibetan, Tibetan script, Original)
- > pho brang ldan dkar (Tibetan, Latin script, Transliteration-THL Extended Wylie Transliteration)
- > podrang den kar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(ལྡན་མཁར)བོད་རང་སྐྱོངས་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས་འོན་ཆུས་ལྡན་དཀར་སྨད་ཟེར་བའི་ས་ཁུལ་དེར་ཡོད། ཕོ་བྲང་འདིར་སྔོན་དུས་གསུང་རབ་མང་པོ་བཞུགས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཕོ་བྲང་དེའི་གཙུག་ལག་ཁང་དུ་བཞུགས་བའི་གསུང་རབ་ཡོད་ཚད་ཀྱི་དཀར་ཆག་ཞིག་ལོ་ཙཱ་བ་བནྡེ་དཔལ་བརྩེགས་སོགས་ལོ་ཙཱ་བ་རྣམས་ཀྱིས་སྒྲིག་པར་མཛད་པ་ལ《དཀར་ཆག་ལྡན་དཀར་མ》ཞེས་འབོད་པ་ཐོག་མར་བྱུང་ཚུལ《བུ་སྟོན་ཆོས་འབྱུང》གི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་ཐད་གསལ་པོར་གསུངས་ཡོད། འོན་ཀྱང《རྡེ་དགེ་བསྟན་འགྱུར་གྱི་དཀར་ཆག》ནང་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བྱུང་ཞེས་གསལ་ལ་ལྷན་དཀར་ཞེས་བྲིས་འདུག
- language:
- Tibetan
2. Thupten Phuntsok Dictionary
(ལྡན་མཁར) བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁོངས་འོན་ཆུས་ལྡན་དཀར་སྨད་ཟེར་བའི་ས་ཁུལ་དེར་ཡོད། ཕོ་བྲང་འདིར་སྔོན་དུས་གསུང་རབ་མང་པོ་བཞུགས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཕོ་བྲང་དེའི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་ཡོད་ཚད་ཀྱི་དཀར་ཆག་ཞིག་ལོ་ཙཱ་བ་རྣམས་ཀྱིས་སྒྲིག་པར་མཛད་པ་ལདཀར་ཆག་ལྡན་དཀར་མ》ཞེས་འབོད་པ་ཐོག་མར་བྱུང་ཚུལབུ་སྟོན་ཆོས་འབྱུང་》གི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་ཐད་གསལ་པོར་གསུངས་ཡོད། འོན་ཀྱང་སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག》ནང་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བྱུང་ཞེས་གསལ་ལ་ལྷན་དཀར་ཞེས་བྲིས་འདུག
- language:
- Tibetan