- pho brang 'phang thang
- ID:
- T236734
- ཕོ་བྲང་འཕང་ཐང (Tibetan, Tibetan script, Original)
- > pho brang 'phang thang (Tibetan, Latin script, Transliteration-THL Extended Wylie Transliteration)
- > podrang pang tang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་དུས་གསར་དུ་བརྩིགས་པའི་ཕོ་བྲང་ཞིག་ཡིན་ཅིང་། ས་གནས་གང་དུ་ཡོད་མེད་དཔྱད་གཞི་མ་རྙེད། ཕོ་བྲང་འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་མ་བརྩིགས་གོང་དུ་ཆུ་ལོག་བྱུང་སྟེ་ཆུས་ཁྱེར་ཞེས་བཤད། 《དཀར་ཆག་འཕང་ཐང་མ》ཟེར་བ་དེ་ཕོ་བྲང་འདིའི་ནང་དུ་བཞུགས་པའི་བཀའ་བསྟན་འགྱུར་རིགས་དཀར་ཆག་ཏུ་བཀོད་པ་ཞིག་ཡིན་པ་དེ་ནི་བཙན་པོའི་སྐབས་བཀོད་པའི་དཀར་ཆག་གསུམ་གྱི་ནང་ནས་ཐ་མ་དེ་ཡིན་པར་གསུངས་པས། ཕོ་བྲང་འདི་རྗེས་སུ་སླར་ཡང་ཉམས་གསོ་བྱས་པ་དང་། ཁྲི་ལྡེ་སྲོང་བཙན་གྱི་སྐབས་ཕོ་བྲང་འདིར་བཞུགས་པའི་བཀའ་བསྟན་འགྱུར་རྣམས་དཀར་ཆག་ཏུ་བཀོད་པ་ཡིན་འདུག
- language:
- Tibetan
2. Thupten Phuntsok Dictionary
རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་དུས་གསར་དུ་བརྩིགས་པའི་ཕོ་བྲང་ཞིག་ཡིན་ཞིང་། ས་གནས་གང་དུ་ཡོད་མེད་དཔྱད་གཞི་མ་རྙེད། ཕོ་བྲང་འདི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་མ་བརྩིགས་གོང་དུ་ཆུ་ལོག་བྱུང་སྟེ་ཆུས་ཁྱེར་ཞེས་བཤད། དཀར་ཆག་འཕང་ཐང་མ་ཟེར་བ་དེ་ཕོ་བྲང་འདིའི་ནང་དུ་བཞུགས་པའི་བཀའ་བསྟན་འགྱུར་རིགས་དཀར་ཆག་ཏུ་བཀོད་པ་ཞིག་ཡིན་པ་དེ་ནི་བཙན་པོའི་སྐབས་བཀོད་པའི་དཀར་ཆག་གསུམ་གྱི་ནང་ནས་ཐ་མ་དེ་ཡིན་པར་གསུངས་པས། ཕོ་བྲང་འདི་རྗེས་སུ་སླར་ཡང་ཉམས་གསོ་བྱས་པ་དང་། ཁྲི་ལྡེ་སྲོང་བཙན་གྱི་སྐབས་ཕོ་བྲང་འདིར་བཞུགས་པའི་བཀའ་བསྟན་འགྱུར་རྣམས་དཀར་ཆག་ཏུ་བཀོད་པ་ཡིན་འདུག
- language:
- Tibetan