Skip to main content Skip to search
pho brang shang to
ID:
T236738
  • ཕོ་བྲང་ཤང་ཏོ (Tibetan, Tibetan script, Original)
    • > pho brang shang to (Tibetan, Latin script, Transliteration-THL Extended Wylie Transliteration)
    • > podrang shang to (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཕོ་བྲང་ཧྲང་ཏུའུ)་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་རྒྱལ་ས་པེ་ཅིན་དུ་མ་སྤོས་གོང་ཡོན་རྒྱལ་རབས་ཀྱི་རྒྱལ་ས་རྙིང་པ་བོད་སྐད་དུ་ཤང་ཏོ་ཟེར་བ་རྒྱ་སྐད་དུ་ཧྲང་ཏུའུ(上都)ཟེར་ཞིང་། ཡོན་རྒྱལ་རབས་ཀྱི་གོང་མ་ཡོན་ཤན་ཙུང་མོང་གོལ་ཧན་གྱི་སྲིད་ལོ་དྲུག་པ་བོད་རབ་བྱུང་བཞི་པའི་མེ་འབྲུ(༡༢༥༦)ལོར་རྒྱལ་སྲས་ཧུ་པི་ལི་སེ་ཆེན་ཧན་གྱིས་ཀླུའུན་ཧེ(滦河)ཟེར་བའི་ཆུ་བོ་དེང་སང་ནང་སོག་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་ཆུ་ཞིག དེའི་བྱང་ངོས་སུ་ཕོ་བྲང་ཞིག་བརྩིགས་པ་དང་། རབ་བྱུང་དང་པོའི་ལྕགས་སྤྲེལ(༡༢༦༠)ལོར་ཧུ་པི་ལི་སེ་ཆེན་ཧན་གོང་མར་བསྐོས། ཐོག་མར་ས་གནས་དེར་རྒྱལ་པོའི་སྲིད་དབང་བཟུང་བའི་མིང་ལ་ཁའི་ཕིང་ཧྥུ(开平府)ཟེར་བའི་མིང་བསྒྱུར་བྱས་ཤིང་། རྗེས་སུ་སྲིས་ལོ་བཞི་པར་ཧྲང་ཏུའུ་ཞེས་མིང་བསྒྱུར་བྱས། ཧྲང་ཏུའུ་མཁར་གྱི་རྒྱ་ཁྱོན་ནི་ཇིང་གེར་ཧན་གྱིས་བཙུགས་པའི་རྒྱལ་ས་ཧེའ་ལིན(和林)ལས་ཆེ་ཞིང་། སྐབས་དེའི་གྲོང་ཁྱེར་ཏཱ་ཏུ་མཁར(དེང་སང་པེ་ཅིན་གྲོང་ཁྱེར་གྱི་བྱང་ཤར་ཁུལ)ལས་ཆུང་ཙམ་ཞིག་ཡོད། དེ་སྔོན་བོད་དུ་མཚན་སྙན་གྲགས་ཆེ་བའི་སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་སོགས་ཡོན་རྒྱལ་རབས་སྐབས་ཧོར་ཡུལ་དུ་ཕེབས་པའི་དགེ་བཤེས་མཁས་པ་འགའ་ཞིག་གིས་ཀྱས་ས་གནས་དེར་སྐད་གྲགས་ཆེ་བའི་གཞུང་མང་པོ་བརྩམས་ཡོད་པ་གསུང་རྩོམ་སོ་སོའི་མཇུག་བྱང་དུ་གསལ།

language:
Tibetan

2. Thupten Phuntsok Dictionary

(ཕོ་བྲང་ཧྲང་ཏུའུ) ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་རྒྱལ་ས་པེ་ཅིན་དུ་མ་སྤོས་གོང་ཡོན་རྒྱལ་རབས་ཀྱི་རྒྱལ་ས་རྙིང་པར་བོད་སྐད་དུ་ཤང་ཏོ་ཟེར་བ་རྒྱ་སྐད་དུ་ཧྲང་ཏུའུ་ཟེར་ཞིང་། ཡོན་རྒྱལ་རབས་ཀྱི་གོང་མ་ཡོན་ཤན་ཙུང་མོང་གོལ་ཧན་གྱི་སྲིད་ལོ་དྲུག་པ་བོད་རབ་བྱུང་བཞི་པའི་མེ་འབྲུག (༡༢༥༦) ལོར་རྒྱལ་སྲས་ཧུ་པི་ལི་སེ་ཆེན་ཧན་གྱིས་ཀླུའུན་ཧེ་ཟེར་བའི་ཆུ་བོ་དེང་སང་ནང་སོག་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་ཆུ་ཞིག དེའི་བྱང་ངོས་སུ་ཕོ་བྲང་ཞིག་བརྩིགས་པ་དང་། རབ་བྱུང་དང་པོའི་ལྕགས་སྤྲེལ (༡༢༦༠) ལོར་ཧུ་པི་ལི་སེ་ཆེན་ཧན་གོང་མར་བསྐོས། ཐོག་མར་ས་གནས་དེར་རྒྱལ་པོའི་སྲིད་དབང་བཟུང་བའི་མིང་ལ་ཁའི་ཕིང་ཟེར་བའི་མིང་བསྒྱུར་བྱས་ཤིང་། རྗེས་སུ་སྲིད་ལོ་བཞི་པར་ཧྲང་ཏུའུ་ཞེས་མིང་བསྒྱུར་བྱས། ཧྲང་ཏུའུ་མཁར་གྱི་རྒྱ་ཁྱོན་ནི་ཇིང་གེར་ཧན་གྱིས་བཙུགས་པའི་རྒྱལ་ས་ཧེའ་ལིན་ལས་ཆེ་ཞིང་། སྐབས་དེའི་གྲོང་ཁྱེར་ཏཱ་ཏུ་མཁར་ (དེང་སང་པེ་ཅིན་གྲོང་ཁྱེར་གྱི་བྱང་ཤར་ཁུལ) ལས་ཆུང་ཙམ་ཡོད། དེ་སྔོན་བོད་དུ་མཚན་སྙན་གྲགས་ཆེ་བའི་སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་སོགས་ཡོན་རྒྱལ་རབས་སྐབས་ཧོར་ཡུལ་དུ་ཕེབས་པའི་དགེ་བཤེས་མཁས་པ་འགའ་ཞིག་གིས་ཀྱང་ས་གནས་དེར་སྐད་གྲགས་ཆེ་བའི་གཞུང་མང་པོ་བརྩམས་ཡོད་པ་གསུང་རྩོམ་སོ་སོའི་མཇུག་བྱང་དུ་གསལ།

language:
Tibetan