Skip to main content Skip to search
pho mo sprad
ID:
T236742
  • ཕོ་མོ་སྤྲད (Tibetan, Tibetan script, Original)
    • > pho mo sprad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pomo tré (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དབྱིབས་འདྲ་བ་ལ་བལྟོས་ནས་བཏགས་པའི་དཔྱིའི་འཁོར་མིག་གི་རུས་པ་ཨོ་ཐོ་རིལ་བུའི་མིང་གི་རྣམ་གྲངས་ཤིག་སྟེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཕོ་མོ་སྤྲད་ནི་དཔྱིའི་འཁོར་མིག་གི་རུས་པ་ཨོ་ཐོ་རིལ་བུའི་མིང་སྟེ། དེ་ལ་ཅིའི་ཕྱིར་ཕོ་མོ་སྤྲད་ཅེས་ཟེར་ན། བརླ་རྐང་གི་རུས་པ་དང་དཔྱིའི་འཁོར་མིག་ཏུ་རུས་པ་དེ་གཉིས་འཕྲད་པའི་ཚེ་ཕོ་མོ་འཁྲིད་པ་སྤྱོད་པ་དང་ཆོས་མཚུངས་ཤིང་དེ་གཉིས་ཀྱི་བར་དུ་གཏུག་ཐག་གིས་འབྲེལ་བའི་ཚེ་ཁམས་རྒྱུག་པ་དང་འདྲ་བས་ཆུ་འགགས་འབིགས་པའི་རྟེན་འབྲེལ་ཡང་ཚང་ངོ་། ཞེས་གསུངས་པ་ལྟར་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུའི་མཛེས་རྒྱན་དུ་དེ་དང་མཐུན་པར་གསུང་སྣང་ངོ་། །

language:
Tibetan