Skip to main content Skip to search
pho rtsa sbrul mig
ID:
T236749
  • ཕོ་རྩ་སྦྲུལ་མིག (Tibetan, Tibetan script, Original)
    • > pho rtsa sbrul mig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > po tsa drul mik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དབྱིབས་ལ་བལྟོས་ནས་བཏགས་པའི་ལྷེན་སྣའི་གཡས་གཡོན་དུ་ཚོན་རེ་གཞལ་བའི་སར་ཡོད་པའི་ཕོ་བ་དང་འབྲེལ་བའི་སྡོད་རྩ་གཉིས་ཀྱི་མིང་སྟེ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་མན་ངག་རྒྱུད་ཀྱི་དཀའ་འགྲེལ་ལེགས་བཤད་གསེར་རྒྱན་ལས། ལྷེན་སྣའི་རྩེ་ནས་གཡས་གཡོན་གཉིས་སུ་ཚོན་རེ་བཅལ་བའི་ས་ན་ཕོ་རྩ་སྦྲུལ་མིག་ཅེས་བྱ་བ་དབྱིབས་སྦྲུལ་གྱི་མིག་དང་འདྲ་བ་གཉིས་སོ། །

language:
Tibetan