Skip to main content Skip to search
pho mtshan gyi nad dgu
ID:
T236752
  • ཕོ་མཚན་གྱི་ནད་དགུ (Tibetan, Tibetan script, Original)
    • > pho mtshan gyi nad dgu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > potsen gyi né gu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(རླུང་ལས་གྱུར་པ) ༡ཕོ་མཚན་རྟག་ཏུ་འགྲེང་བ། པགས་པ་འགས་པར་བྱེད། (མཁྲིས་ལས་གྱུར་པ) ༢ ཕོ་མཚན་མདོག་དམར་པོར་སྐྲངས་ཤིང་ཚ་དྲོད་སྐྱེ་བ། (ཁྲག་ལས་གྱུར་པ) ༣ ཕོ་མཚན་འབྲུམ་པ་ནག་པོ་ཐོན་ནས་ཁྲག་འཛག་པ། (བད་ནས་ལས་གྱུར་པ) ༤ ཕོ་མཚན་གཡའ་བ། སྐྲངས་པ། ཚོར་བ་ལྕི་བ། (འདུས་པ་ལས་གྱུར་པ) ༥ རླིག་པ་སྐྲངས་པ། རྣག་སྨིན་དཀའ་བ། ཉེས་པ་གཞན་གྱི་རྟགས་འདྲེས་པ། (འབྲུམ་པ) ༦ ཕོ་མཚན་ལ་འབྲུམ་པ་མང་པོས་ཁྱབ་པ། (མདུད་འདྲ) ༧ ཕོ་མཚན་པགས་པ་སྐྲངས་ནས་བཅིངས་པ་ལྟ་བུའི་ཚོར་བ་སྐྱེ་བ། ཤུ་བ་སྟེ་རྨ་འབྱུང་བ། (སྦུབས་འབྱར) ༨ ཕོ་མཚན་རྩ་ཁ་ཟུམ་ཞིང་གཅིན་གཏོང་བའི་རྩ་གཅུ་སྟེ་འགག་པ། (གྲ་བ་ཅན) ༩ གཅིན་ལམ་ནང་དུ་གྲ་མས་གང་བ་ལྟ་བུའི་ཚོར་བ་སྐྱེས་ནས་ན་ཚ་འབྱུང་བའོ། །

language:
Tibetan