- phogs khang las khungs
- ID:
- T236764
- ཕོགས་ཁང་ལས་ཁུངས (Tibetan, Tibetan script, Original)
- > phogs khang las khungs (Tibetan, Latin script, Transliteration-THL Extended Wylie Transliteration)
- > pok khang lé khung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ནི་དེ་སྔ་བོད་ས་གནས་སྲིད་གཞུང་གི་གཤམ་འོག་ལས་ཁུངས་ཤིག་སྟེ་བོད་རབ་བྱུང་བཅུ་གསུམ་པའི་ཆུ་སྟག(༡༧༨༢)ལོར་གོང་མ་ཆན་ལུང་གིས་རྒྱ་སྦྱོང་དམག་གསར་འཛུགས་དང་འབྲེལ་དམག་ཕོགས་མ་རྩ་དངུལ་འབབ་ཀྱང་གནང་བ་ལས་བཙུགས་པའི་ལས་ཁུངས་ཤིག་ཡིན། ལས་ཁུངས་འདིར་ལས་བྱེད་དོ་དམ་མི་སྣ་ནི་རྩེ་ཤོད་མཁན་རིམ་གཉིས་རང་ལས་མེད་ཅིང་། འདི་ལ་ལྷ་ས་ཕོགས་ཁང་ཡང་ཟེར། འདིས་གོང་གསལ་དངུལ་འབབ་སྐྱེད་གཏོང་གིས་དམག་ཕོགས་རྒྱག་སྤྲོད་དང་། ཕྱིས་རྫོང་གཞིས་གཞུང་འཛིན་རྗེས་དྲུང་རིགས་སེར་སྐྱ་དང་། དམག་སྒར་ཁག་སོགས་ཀྱི་ཕོགས་ཡིག་སྐུར་གཏོང་བྱེད་རྒྱུའི་འགན་དབང་སྤྱོད་པ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
འདི་ནི་དེ་སྔ་བོད་ས་གནས་སྲིད་གཞུང་གི་གཤམ་འོག་ལས་ཁུངས་ཤིག་སྟེ་བོད་རབ་བྱུང་བཅུ་གསུམ་པའི་ཆུ་སྟག (༡༧༨༢) ལོར་གོང་མ་ཆན་ལུང་གིས་རྒྱ་སྦྱོང་དམག་གསར་འཛུགས་དང་འབྲེལ་དམག་ཕོགས་མ་རྩ་དངུལ་འབབ་ཀྱང་གནང་བ་ལས་བཙུགས་པའི་ལས་ཁུངས་ཤིག་ཡིན། ལས་ཁུངས་འདིར་ལས་བྱེད་དོ་དམ་མི་སྣ་ནི་རྩེ་ཤོད་དམན་རིམ་གཉིས་རང་ལས་མེད་ཅིང་། འདི་ལ་ལྷ་ས་ཕོགས་ཁང་ཡང་ཟེར། འདིས་གོང་གསལ་དངུལ་འབབ་སྐྱེད་གཏོང་གིས་དམག་ཕོགས་རྒྱག་སྤྲོད་དང་། ཕྱིས་རྫོང་གཞིས་གཞུང་འཛིན་རྗེས་དྲུང་རིགས་སེར་སྐྱ་དང་། དམག་སྒར་ཁག་སོགས་ཀྱི་ཕོགས་ཡིག་སྐུར་གཏོང་བྱེད་རྒྱུའི་འགན་དབང་སྤྱོད་པ་ཡིན།
- language:
- Tibetan