- phod mdo'i mkhar shul dang phod mdo lcags zam
- ID:
- T236768
- ཕོད་མདོའི་མཁར་ཤུལ་དང་ཕོད་མདོ་ལྕགས་ཟམ (Tibetan, Tibetan script, Original)
- > phod mdo'i mkhar shul dang phod mdo lcags zam (Tibetan, Latin script, Transliteration-THL Extended Wylie Transliteration)
- > pö dö khar shul dang pö do chak zam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འཕན་པོ་ལྷུན་གྲུབ་རྫོང་ཕོད་མདོ་ཤང་ཕོད་མདོ་གྲོང་ཚོའི་བྱང་ངོས་རི་སྣའི་སྟེང་མཁར་ཤུལ་ཞིག་ཡོད་པ་དེར་རབ་བྱུང་དང་པོའི་མེ་སྤྲེལ་(༡༠༤༦)ལོའི་རྗེས་སུ་ཡུལ་དཔོན་ཞང་འཁྲང་ཁ་བེར་ཆུང་གིས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་རང་ཉིད་ཀྱི་གནས་ཡུལ་དེ་ར་སྒྲེང་དགོན་པ་འདེབས་སར་ཕུལ་ཏེ་དཔོན་པོ་རང་འབྲོམ་སྟོན་གྱི་ལུང་བསྟན་པ་བཞིན་སྐྱིད་ཤོད་ལུང་པའི་ཕུ་དང་ཞང་ལུང་པ་(རྭ་སྒྲེང་ཆགས་སའི་རྒྱུད་)དང་སྤྲག་ལུང་པ་(སྟག་ལུང་གི་རྒྱུད་)་དབུ་རུ་ལུང་པ་བཅས་ཀྱི་མདོ་ཕུ་གཅིག་དང་མདོ་གསུམ་འཁེལ་ཡུལ་དེར་རྫོང་མཁར་བརྩིགས་ནས་གཞིས་ཆགས་པའི་ཤུལ་ཡིན་ལ་བར་སྐབས་ཤིག་ཕོད་མདོ་རྫོང་ཁང་ཡང་དེར་བྱས་ཤིང་།རྗེས་སུ་རྫོང་ཁང་གྲོང་གི་དཀྱིལ་དུ་གསར་རྒྱག་བྱས་ནས་རི་སྟེང་གི་རྫོང་དེ་གྱང་རོར་སོང་སྐད། ཕོད་མདོ་གཙང་པོའི་ཐོག་གི་ཕོད་མདོ་ལྕགས་ཟམ་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་མང་པོ་གསར་སྐྲུན་གནང་བའི་ཐོག་མ་དེ་ཡིན་སྐད་དང་། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་(༡༩༦༡)ལོ་བར་ཟམ་པ་དེ་བོད་ཀྱི་བྱང་ཕྱོགས་ནས་ལྷ་སར་ཡོང་བའི་འགྲུལ་ལམ་ལྟེ་བ་ཞིག་ཡིན། སྔོན་དུས་ཆིང་རྒྱལ་རབས་སྐབས་ཨམ་བན་གྱིས་ཕོགས་ཁང་ཞིག་ཕོད་མདོར་བཙུགས་མྱོང་ལ། བོད་ས་གནས་སྲིད་གཞུང་གི་ཚྭ་ཤོ་ཞིག་ཀྱང་ཡོད་ཐོག་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་སྣེ་མཐུད་མ་ཟིན་བར་མི་དམངས་བཅིངས་འགྲོལ་དམག་གི་ཕོགས་ཁང་ཞིག་ཀྱང་འཛུགས་མྱོང་ཡོད། ལྕགས་ཐག་བཞི་བསྒྲིགས་ཀྱི་སྟེང་པང་ལེབ་བཏིང་བ་དང་གཡས་གཡོན་ལག་འཇུ་རྒྱུན་བུ་འགྲིམ་པའི་ཐག་པ་རིང་པོ་ཞིག་ཡོད་ཅིང་། དབྱར་ཁ་ཆུ་བོ་རྒྱས་དུས་ཟམ་ལྕགས་ལ་ཆུ་ཐུག་པ་དང་། མི་འགྲོ་སྐབས་ཡམ་ཡོམ་ཆེ་བས་ཡུལ་དེའི་མི་ཕུད། དེ་མིན་འགྲུལ་པ་ཟམ་སྟེང་འགྲོ་མཁན་ཚང་མ་ཞེད་སྣང་སྐྱེ་ཡི་ཡོད་སྟབས་དམངས་གཞས་སུ་ཡང་། ཕོད་མདོ་ལྕགས་ཀྱི་ཟམ་པ། །དམྱལ་བའི་འཕྲང་ལས་དོག་པ། །ཞེས་ཟེར་སྲོལ་བྱུང་། དམངས་གཙོའི་བཅོས་བསྒྱུར་རྗེས་ཟམ་པ་གསར་སྐྲུན་གྱིས་ཨར་འདམ་རྡོ་རྩིག་གཞུ་དབྱིབས་ཅན་གྱི་ཟམ་ཆེན་རླངས་འཁོར་ཤར་གཏོང་ཐུབ་པ་ཞིག་བསྐྲུན་ཀྱང་། ཟམ་རྙིང་གི་ལྕགས་ཐག་རྣམས་གནའ་ཤུལ་ཁོངས་སུ་སྲུང་སྐྱོབ་བྱས་ཏེ་ད་ལྟ་ཚང་མ་མཐོང་རྒྱུ་ཡོད། །
- language:
- Tibetan
2. Thupten Phuntsok Dictionary
འཕན་པོ་ལྷུན་གྲུབ་རྫོང་ཕོད་མདོ་ཤང་ཕོད་མདོ་གྲོང་ཚོའི་བྱང་ངོས་རི་སྣའི་སྟེང་མཁར་ཤུལ་ཞིག་ཡོད་པ་དེ་རབ་བྱུང་དང་པོའི་མེ་སྤྲེལ (༡༠༥༦) ལོའི་རྗེས་སུ་ཡུལ་དཔོན་ཞང་འཁྲང་ཁ་བེར་ཆུང་གིས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་རང་ཉིད་ཀྱི་ཡུལ་དེ་རྭ་སྒྲེང་དགོན་པ་འདེབས་སར་ཕུལ་ཏེ་དཔོན་པོ་རང་འབྲོམ་སྟོན་གྱི་ལུང་བསྟན་པ་བཞིན་སྐྱིད་ཤོད་ལུང་པའི་ཕུ་དང་ཞང་ལུང་པ (རྭ་སྒྲེང་ཆགས་སའི་རྒྱུད) དང་། སྤྲག་ལུང་པ (སྟག་ལུང་གི་རྒྱུད) དབུ་རུ་ལུང་པ་བཅས་ཀྱི་མདོ་ཕུ་གཅིག་དང་མདོ་གསུམ་འཁེལ་ཡུལ་དེར་རྫོང་མཁར་བརྩིགས་ནས་གཞིས་ཆགས་པའི་ཤུལ་ཡིན་ལ་བར་སྐབས་ཤིག་ཕོད་མདོ་རྫོང་ཁང་ཡང་དེར་བྱས་ཤིང་། རྗེས་སུ་རྫོང་ཁང་དེ་གྲོང་གི་དཀྱིལ་དུ་གསར་རྒྱག་བྱས་ནས་རི་སྟེང་གི་རྫོང་དེ་གྱང་རོར་སོང་སྐད། ཕོད་མདོ་གཙང་པོའི་ཐོག་གི་ཕོད་མདོ་ལྕགས་ཟམ་ནི་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་མང་པོ་གསར་སྐྲུན་གནང་བའི་ཐོག་མ་ཡིན་སྐད་དང་། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་གླངསྤྱི་ལོ (༡༩༦༡) ལོ་བར་ཟམ་པ་དེ་བོད་ཀྱི་བྱང་ཕྱོགས་ནས་ལྷ་སར་ཡོང་སའི་འགྲུལ་ལམ་ལྟེ་བ་ཞིག་ཡིན། སྔོན་དུས་ཆིང་རྒྱལ་རབས་སྐབས་ཨམ་བན་གྱིས་ཕོགས་ཁང་ཞིག་ཕོད་མདོར་བཙུགས་མྱོང་ལ། བོད་ས་གནས་སྲིད་གཞུང་གི་ཚྭ་ཤོ་ཞིག་ཀྱང་ཡོད་ཐོག་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་སྣེ་མཐུད་མ་ཟིན་པར་མི་དམངས་བཅིངས་འགྲོལ་དམག་གི་ཕོགས་ཁང་ཞིག་ཀྱང་འཛུགས་མྱོང་ཡོད། ལྕགས་ཐག་བཞི་བསྒྲིགས་ཀྱི་སྟེང་པང་ལེབ་བཏིང་བ་དང་གཡས་གཡོན་ལག་འཇུ་རྒྱུན་བུ་འགྲིམ་པའི་ཐག་པ་སྦོམ་པོ་ཞིག་ཡོད་ཅིང་། དབྱར་ཁ་ཆུ་བོ་རྒྱས་དུས་ཟམ་ལྕགས་ལ་ཆུ་ཐུག་པ་དང་། མི་འགྲོ་སྐབས་ཡམ་ཡོམ་ཆེ་བས་ཡུལ་དེའི་མི་ཕུད། དེ་མིན་འགྲུལ་པ་ཟམ་སྟེང་འགྲོ་མཁན་ཚང་མ་ཞེད་སྣང་སྐྱེ་ཡོད་སྟབས་དམངས་གཞས་སུ་ཡང་། ཕོད་མདོ་ལྕགས་ཀྱི་ཟམ་པ། དམྱལ་བའི་འཕྲང་ལས་དོག་པ། ཞེས་ཟེར་སྲོལ་བྱུང་། དམངས་གཙོའི་བཅོས་བསྒྱུར་རྗེས་ཟམ་པ་གསར་སྐྲུན་གྱིས་ཨར་འདམ་རྡོ་རྩིག་གཞུ་དབྱིབས་ཅན་གྱི་ཟམ་ཆེན་རླངས་འཁོར་ཤར་གཏོང་ཐུབ་པ་ཞིག་བསྐྲུན་ཀྱང་། ཟམ་རྙིང་གི་ལྕགས་ཐག་རྣམས་གནའ་ཤུལ་ཁོངས་སུ་སྲུང་སྐྱོབ་བྱས་ཏེ་ད་ལྟ་ཚང་མ་མཐོང་རྒྱུ་ཡོད།
- language:
- Tibetan