- phyi don khas mi len
- ID:
- T236831
- ཕྱི་དོན་ཁས་མི་ལེན (Tibetan, Tibetan script, Original)
- > phyi don khas mi len (Tibetan, Latin script, Transliteration-THL Extended Wylie Transliteration)
- > chidön khé mi len (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སེམས་ཙམ་པས་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་ལས་ཕྱི་རོལ་དོན་གྲུབ་པ་ཁས་མི་ལེན་ཏེ། རང་རེ་སོ་སྐྱེ་རྣམས་ལ་གཟུགས་སོགས་ཕྱི་རོལ་དོན་དུ་རྟོག་པའི་ཞེན་གཞིར་ཚུགས་ཐུབ་ཏུ་ཚུར་ལིང་ངེར་གྲུབ་རྒྱུ་ཡོད་པ་ལྟརསྣང་བ་དེ་དག་ཐམས་བཅད་ནི་ཐོག་མ་མེད་པའི་དུས་ནས་མ་རིག་པའི་རྣམ་རྟོག་སྣ་ཚོགས་གོམས་པའི་བག་ཆགས་སེམས་ལ་བཞག་པ་དེ་ཉིད་མཐུ་ལས་སྣང་བའི་རྣམ་པ་ཉིད་དུ་ཤར་བ་མ་གཏོགས་སེམས་ལས་གཞན་གྱི་ཕྱི་དོན་ནི་གང་ཡང་མ་གྲུབ་སྟེ། དཔེརན། འཁྲུལ་པས་མེད་ཀྱང་ཡོད་པར་སྒྲོ་འདོགས་པ་གཞིའི་སྣང་བ་བསྐྱེད་པ་ནི། རབ་རིབ་ཀྱི་སྐྲ་ཤད་ལྟ་བུ་དང་། སེམས་ལས་དོན་གཞན་དུ་མེད་ན་ཇི་ལྟར་སེམས་ཀྱི་སྤྱོད་ཡུལ་དུ་འགྱུར་སྙམ་པ་བཟློག་པའི་ཕྱིར་སྒྱུ་བ་ལྟབུ་ དོན་མེད་ན་སེམས་སེམས་བྱུང་ཇི་ལྟར་སྐྱེ་སྙམ་པ་བཟློག་པའི་ཕྱིར་སྨིག་རྒྱུ་ལྟ་བུ། དོན་མེད་ཀྱང་དགེ་མི་དགེའི་འབྲས་བུ་འབྱུང་བའི་དཔེ་གཟུགས་བརྙན་ལྟ་བུ་སོགས་གསུངས་ཤིང་། གཞན་ཡང་། ཕྱི་དོན་བདེན་པར་ཡོད་ན་འཕགས་པའི་མཉམ་བཞག་ཡེ་ཤིས་ཀྱི་ངོར་ཡོད་དགོས་པ་ལས་དེའི་ངོར་མེད་པའི་ཕྱིར་སོགས་ལུང་དང་རིགས་པ། དཔེ་ཚུལ་མང་པོས་ཕྱི་དོན་འགོག་པར་མཛད་དོ། །
- language:
- Tibetan
2. Thupten Phuntsok Dictionary
སེམས་ཙམ་པས་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་ལས་ཕྱི་རོལ་དོན་གྲུབ་པ་ཁས་མི་ལེན་ཏེ། རང་རེ་སོ་སྐྱེ་རྣམས་ལ་གཟུགས་སོགས་ཕྱི་རོལ་དོན་དུ་རྟོག་པའི་ཞེན་གཞིར་ཚུགས་ཐུབ་ཏུ་ཚུར་ལིང་ངེར་གྲུབ་རྒྱུ་ཡོད་པ་ལྟར་སྣང་བ་དེ་དག་ཐམས་ཅད་ནི་ཐོག་མར་མེད་པའི་དུས་ནས་མ་རིག་པའི་རྣམ་རྟོག་སྣ་ཚོགས་གོམས་པའི་བག་ཆགས་སེམས་ལ་བཞག་པ་དེ་ཉིད་ཀྱི་མཐུ་ལས་སྣང་བའི་རྣམ་པ་ཉིད་དུ་ཤར་བ་མ་གཏོགས་སེམས་ལས་གཞན་གྱི་ཕྱི་དོན་ནི་གང་ཡང་མ་གྲུབ་སྟེ། དཔེར་ན། འཁྲུལ་པས་མེད་ཀྱང་ཡོད་པར་སྒྲོ་འདོགས་པ་གཞིའི་སྣང་བ་བསྐྱེད་པ་ནི། རབ་རིབ་ཀྱི་སྐྲ་ཤད་ལྟ་བུ་དང་། སེམས་ལས་དོན་གཞན་དུ་མེད་ན་ཇི་ལྟར་སེམས་ཀྱི་སྤྱོད་ཡུལ་དུ་འགྱུར་སྙམ་པ་བཟློག་པའི་ཕྱིར་སྒྱུ་མ་ལྟ་བུ། དོན་མེད་ན་སེམས་སེམས་བྱུང་ཇི་ལྟར་སྐྱེ་སྙམ་པ་བཟློག་པའི་ཕྱིར་སྨིག་རྒྱུ་ལྟ་བུ། དོན་མེད་ཀྱང་དགེ་མི་དགེའི་འབྲས་བུ་འབྱུང་བའི་དཔེ་གཟུགས་བརྙན་ལྟ་བུ་སོགས་གསུངས་ཤིང་། གཞན་ཡང་། ཕྱི་དོན་བདེན་པར་ཡོད་ན་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་ཡོད་དགོས་པ་ལས་དེའི་ངོར་མེད་པའི་ཕྱིར་སོགས་ལུང་དང་རིགས་པ། དཔེའི་ཚུལ་མང་པོས་ཕྱི་དོན་འགོག་པར་མཛད་དོ། །
- language:
- Tibetan