- phyi don khas len pa
- ID:
- T236832
- ཕྱི་དོན་ཁས་ལེན་པ (Tibetan, Tibetan script, Original)
- > phyi don khas len pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > chidön khelenpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཐུན་མོངས་མིན་པའི་ཁྱད་ཆོས་ཆེན་པོ་བརྒྱད་ཀྱི་ནང་གསེས་ཤིག་སྟེ། ལུགས་འདི་ལ་སེམས་ཙམ་པ་ལྟར་ཕྱི་དོན་མེད་པ་འདོད་པ་ནི་མི་འཐད་དེ། དོན་དམ་དཔྱོད་པའི་ཤེས་པའི་ངོར་ཕྱི་དོན་དང་ཤེས་པ་གཉིས་ཀ་རིགས་པས་བཙལ་ནས་འཇོག་པར་མི་ནུས་ལ་འཇིག་རྟེན་གྲགས་པའི་དབང་དུ་ན་ཤེས་པ་ཡོད་པ་བཞིན་དུ་ཕྱི་དོན་ཡང་ཡོད་དེ་ཤེར་མདོ་ལས་བཟུང་བ་དང་འཛིན་པ་གཉིས་ཐ་སྙད་དུ་ཡོད་མཉམ་དང་དོན་དམ་དཔྱོད་པའི་སྐབས་སུ་མེད་མཉམ་དུ་གསུངས་པ་ལྟར་རོ། །གཞན་ཡང་ཁམས་གསུམ་པོ་དེ་ནི་སེམས་ཙམ་མོ། །ཞེས་པའི་མདོ་ཚིག་འདིའི་ཙམ་སྒྲས་ཀྱང་ཕྱི་དོན་གཅོད་པ་མ་ཡིན་གྱི་ཁམས་གསུམ་ཐ་དག་ཀྱང་ལས་ཀྱིས་བྱས་ལ། ལས་ནི་སེམས་པ་དང་བསམ་པ་གཉིས་སུ་ངེས་པས་ཁམས་གསུམ་སེམས་ཀྱིས་བྱས་པར་གྲུབ་པས། དེའི་ཕྱིར་སེམས་ལས་གཞན་པའི་དབང་ཕྱུག་ལ་སོགས་པ་འཇིག་རྟེན་གྱི་བྱེད་པོ་ཡོད་པ་དགག་པའི་ཚད་དུ་ཙམ་སྒྲ་སྨོས་པ་ཡིན་ཞེས་གསུངས་སོ། །
- language:
- Tibetan
2. Thupten Phuntsok Dictionary
དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ཆེན་པོ་བརྒྱད་ཀྱི་ནང་གསེས་ཤིག་སྟེ། ལུགས་འདི་ལ་སེམས་ཙམ་པ་ལྟར་ཕྱི་དོན་མེད་པ་འདོད་པ་ནི་མི་འཐད་དེ། དོན་དམ་དཔྱོད་པའི་ཤེས་པའི་ངོར་ཕྱི་དོན་དང་ཤེས་པ་གཉིས་ཀ་རིགས་པས་བཙལ་ནས་འཇོག་པར་མི་ནུས་ལ་འཇིག་རྟེན་གྲགས་པའི་དབང་དུ་ན་ཤེས་པ་ཡོད་པ་བཞིན་དུ་ཕྱི་དོན་ཡང་ཡོད་དེ་ཤེར་མདོ་ལས་བཟུང་བ་དང་འཛིན་པ་གཉིས་ཐ་སྙད་དུ་ཡོད་མཉམ་དང་དོན་དམ་དཔྱོད་པའི་སྐབས་སུ་མེད་མཉམ་དུ་གསུངས་པ་དོན་དམ་དཔྱོད་པའི་སྐབས་སུ་མེད་མཉམ་དུ་གསུངས་པ་ལྟར་རོ། །གཞན་ཡང་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་པའི་མདོ་ཚིག་དེའི་ཙམ་སྒྲས་ཀྱང་ཕྱི་དོན་གཅོད་པ་མ་ཡིན་གྱི་ཁམས་གསུམ་པོ་མཐའ་དག་ཀྱང་ལས་ཀྱིས་བྱས་ལ། ལས་ནི་སེམས་པ་དང་བསམ་པ་གཉིས་སུ་ངེས་པས་ཁམས་གསུམ་སེམས་ཀྱིས་བྱས་པར་གྲུབ་པས། དེའི་ཕྱིར་སེམས་ལས་གཞན་པའི་དབང་ཕྱུག་ལ་སོགས་པ་འཇིག་རྟེན་གྱི་བྱེད་པོ་ཡོད་པ་དགག་པའི་ཚད་དུ་ཙམ་སྒྲ་སྨོས་པ་ཡིན་ཞེས་གསུངས་སོ། །
- language:
- Tibetan