Skip to main content Skip to search
phyi don bden grub
ID:
T236833
  • ཕྱི་དོན་བདེན་གྲུབ (Tibetan, Tibetan script, Original)
    • > phyi don bden grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chidön dendrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཡུལ་ཅན་ཤེས་པ་རང་ཉིད་ལས་ཕྱི་རོལ་དུ་རྡུལ་ཕྲ་རབ་བསགས་ནས་རགས་པའི་ཆོས་སྣ་ཚོགས་ཀྱི་དོན་སྣང་ཡུལ་དུ་བདེན་པར་གྲུབ་པས་ན་ཕྱི་དོན་བདེན་གྲུབ་ཟེར། དེ་ཡང་། ཕྱི་དོན་བེན་པོ་རྣམས་ཀྱི་དང་པོའི་རྩོམ་གཞི་ནི་བདེན་གྲུབ་ཟེར། དེ་ཡང་ཕྱི་དོན་བེན་པོ་རྣམས་ཀྱི་དང་པོའི་རྩོམ་གཞི་ནི་ཆ་ཤས་བསལ་རྒྱུ་མེད་པའི་རྡུལ་ཕྲ་རབ་ཆ་མེད་གཅིག དེ་བདུན་ལ་བསགས་རྡུལ་ཕྲ་རབ་གཅིག དེ་ལྟ་བུའི་ཕྲ་རབ་རྣམས་ཕན་ཚུན་ལྡབ་ཆགས་པར་འགྱུར་བ་ལས་གཟུགས་ལ་སོགས་པའི་རགས་པ་རྣམས་བྱུང་ངོ། །

language:
Tibetan

2. Thupten Phuntsok Dictionary

ཡུལ་ཅན་ཤེས་པ་རང་ཉིད་ལས་ཕྱི་རོལ་དུ་རྡུལ་ཕྲ་རབ་བསགས་ནས་རགས་པའི་ཆོས་སྣ་ཚོགས་ཀྱི་དོན་སྣང་ཡུལ་དུ་བདེན་པར་གྲུབ་པས་ན་ཕྱི་དོན་བདེན་གྲུབ་ཟེར། དེ་ཡང་། ཕྱི་དོན་བེམ་པོ་རྣམས་ཀྱི་དང་པོའི་རྩོམ་གཞི་ནི་བདེན་གྲུབ་ཟེར། དེ་ཡང་། ཕྱི་དོན་བེམ་པོ་རྣམས་ཀྱི་དང་པོའི་རྩོམ་གཞི་ནི་ཆ་ཤས་བསལ་རྒྱུ་མེད་པའི་རྡུལ་ཕྲ་རབ་ཆ་མེད་གཅིག དེ་བདུན་ལ་བསགས་རྡུལ་ཕྲ་རབ་གཅིག དེ་ལྟ་བུའི་ཕྲ་རབ་རྣམས་ཕན་ཚུན་ལྡབ་ཆགས་པར་འགྱུར་བ་ལས་གཟུགས་ལ་སོགས་པའི་རགས་པ་རྣམས་བྱུང་ངོ་། །

language:
Tibetan