- phyi nang gi grub mtha' smra ba'i khyad par
- ID:
- T236835
- ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར (Tibetan, Tibetan script, Original)
- > phyi nang gi grub mtha' smra ba'i khyad par (Tibetan, Latin script, Transliteration-THL Extended Wylie Transliteration)
- > chinang gi drubta mawé khyepar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རང་གཞན་ནམ་ཕྱི་ནང་གྲུབ་མཐའ་སྨྲ་བའི་ཁྱད་པར་འབྱེད་ཆོས་མཁས་པ་རྣམས་ཀྱི་བཞེད་སྲོལ་ཐ་དད་མང་པོ་ཞིག་ཡོད་དེ། སྟོན་པ། བསྟན་པ། ལྟ་བ་གསུམ་གྱི་སྒོ་ནས་འབྱེད་པ་དང་། ཡང་ན། ལྟ་བ། སྒོམ་པ། སྤྱོད་པ། འབྲསབུ་སྟེ་རྒྱུ་མཚན་བཞིའི་སྒོ་ནས་འབྱེད་པ་སོགས་ཡོད། འབྱེད་ཚུལ་དང་པོ་དེ་《གྲུབ་མཐའ་རིན་ཆེན་ཕྲེང་བ་》ནང་གསལ་ཞིང་། སྟོན་པ་སྐྱོན་ཀུན་བྲལ་ཡོན་ཏན་ཀུན་ལྡན་དེ་《ཁྱད་པར་འཕགས་བསྟོད་》ལས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོན་ལྡན་ཁྱེད་ལ་སྐྱབས་སུ་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་སྟོན་པར་འཛིན་ཚུལ་གསུངས་པ་ལྟར་དང་། བསྟན་པ་སེམས་ཅན་ལ་འཚེ་བ་མེད་པ་སྟེ་《ཁྱད་པར་འཕགས་བསྟོད་》ལས། གཞན་དག་ནང་དོན་མཆོད་སྦྱིན་ལ། །གཞན་གྱི་སྲོག་ནི་སྦྱིན་སྲེག་བྱེད། །གཞན་གྱི་དོན་དུ་ཁྱོད་གཅིག་པུ། །རང་གི་སྲོག་གིས་སྦྱིན་སྲེག་བྱེད། །ཅེས་གསུངས་པ་ལྟར་དང་། ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པར་འདོད་དེ།《ཁྱད་པར་འཕགས་བསྟོད་》ལས། རྟོག་གེ་བ་དག་དངོས་པོ་རྣམས། །ལྟོས་པ་མེད་པར་གྲུབ་པར་ཚལ། །ཚིག་དབང་ཁྱོད་ཀྱིས་ཅུང་ཟད་ཀྱང་། །མི་ལྟོས་མེད་ཅེས་ལེགས་པར་གསུངས། །ཞེས་པ་ལྟར་རོ། ཁྱད་པར་འབྱེད་ཚུལ་གཉིས་པ་དེ་ནི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན།སྒོམ་སྲིད་རྩེའི་གཉེན་པོར་འགྲོ་མི་འགྲོ། སྤྱོད་པ་ངལ་དུབ་ཀྱི་མཐའ་དང་འདོད་པ་བསོད་ཉམས་ཀྱི་མཐའ་གཉིས་སྤོང་མི་སྤོང་། འབྲས་བུ་སྤང་བྱ་སྤངས་པའི་བྲལ་འབྲས་འགོག་བདེན་འདོད་མི་འདོད་རྣམས་ཀྱིས་འབྱེད་པ་སོགས་བཞེད་པ་མང་ཡང་། །ཕྱི་ནང་གི་ཁྱད་པར་སྟོན་པས་འབྱེད་པ་དང་། རང་གཞན་གྱི་གྲུབ་མཐའ་སྨྲ་བ་སོ་སོའི་ཁྱད་པར་ནི་གཙོ་བོ་ལྟ་བས་འབྱེད་པ་ཡིན་ཏེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་མ་ཟད། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ནི་རང་སྡེའི་གྲུབ་མཐའ་སྨྲ་བ་དང་། །དེ་ལྟར་ཁས་མི་ལེན་པའི་གྲུབ་མཐའ་སྨྲ་བ་ནི་གཞན་སྡེའི་གྲུབ་མཐའ་སྨྲ་བར་འཇོག་པ་ཡིན། དེས་ན་ཕྱི་རོལ་པའི་ལྟ་བ་གཙོ་བོ་བོ་ནི་རྟག་གཅིག་རང་དབང་ཅིན་གྱི་བདག་ཏུ་གྲུབ་པར་འདོད་པ་དང་། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་གསུམ་གང་གི་ངོ་བོར་ཡང་མ་གྲུབ་པས། རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པར་འདོད་པ་ཡིན། རང་སྡེ་གནས་མ་བུ་པས་བརྗོད་དུ་མེད་པའི་གང་ཟག་ཞིག་ཁས་ལེན་པས་ཕྱི་ནང་གྲུབ་མཐའ་གང་ཡིན་དཔྱད་པ་གོང་དུ་ན་སྡེའི་ནང་གནས་མ་བུ་པ་ཞེས་པར་གཟིགས། །
- language:
- Tibetan
2. Thupten Phuntsok Dictionary
རང་གཞན་ནམ་ཕྱི་ནང་གྲུབ་མཐའ་སྨྲ་བའི་ཁྱད་པར་འབྱེད་ཆོས་མཁས་པ་རྣམས་ཀྱི་བཞེས་སྲོལ་ཐ་དད་མང་པོ་ཞིག་ཡོད་དེ། སྟོན་པ། བསྟན་པ། ལྟ་བ་གསུམ་གྱི་སྒོ་ནས་འབྱེད་པ་དང་། ཡང་ན། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་སྟེ་རྒྱུ་མཚན་བཞིའི་སྒོ་ནས་འབྱེད་པ་སོགས་ཡོད། འབྱེད་ཚུལ་དང་པོ་དེགྲུབ་མཐའ་རིན་ཆེན་ཕྲེང་བ》ནང་གསལ་བཞིན། སྟོན་པ་སྐྱོན་ཀུན་བྲལ་ཡོན་ཏན་ཀུན་ལྡན་དེཁྱད་པར་འཕགས་བསྟོད》ལས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་སྟོན་པར་འཛིན་ཚུལ་གསུངས་པ་ལྟར་དང་། བསྟན་པ་སེམས་ཅན་ལ་འཚེ་བ་མེད་པ་སྟེ། ཁྱད་པར་འཕགས་བསྟོད་》ལས། གཞན་དག་རང་དོན་མཆོད་སྦྱིན་ལ། །གཞན་གྱི་སྲོག་ནི་སྦྱིན་སྲེག་བྱེད། །གཞན་གྱི་དོན་དུ་ཁྱོད་གཅིག་པུ། །རང་གི་སྲོག་གིས་སྦྱིན་སྲེག་མཛད། །ཅེས་གསུངས་པ་ལྟར་དང་། ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པར་འདོད་དེ། ཁྱད་པར་འཕགས་བསྟོད》ལས། རྟོག་གེ་བ་དག་དངོས་པོ་རྣམས། །ལྟོས་པ་མེད་པར་གྲུབ་པར་འཚལ། །ཚིག་དབང་ཁྱོད་ཀྱིས་ཅུང་ཟད་ཀྱང་། །མི་ལྟོས་མེད་ཅེས་ལེགས་པར་གསུངས། །ཞེས་པ་ལྟར་རོ། །ཁྱད་པར་འབྱེད་ཚུལ་གཉིས་པ་དེ་ནི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན། སྒོམ་པ་སྲིད་རྩེའི་གཉེན་པོར་འགྲོ་མི་འགྲོ། སྤྱོད་པ་ངལ་དུབ་ཀྱི་མཐའ་དང་འདོད་པ་བསོད་ཉམས་ཀྱི་མཐའ་གཉིས་སྤོང་མི་སྤོང་། འབྲས་བུ་སྤང་བྱ་སྤངས་པའི་བྲལ་འབྲས་འགོག་བདེན་འདོད་མི་འདོད་རྣམས་ཀྱིས་འབྱེད་པ་སོགས་བཞེད་པ་མང་ཡང་། ཕྱི་ནང་གི་ཁྱད་པར་སྟོན་པས་འབྱེད་པ་དང་། རང་གཞན་གྱི་གྲུབ་མཐའ་སྨྲ་བ་སོ་སོའི་ཁྱད་པར་ནི་གཙོ་བོ་ལྟ་བས་འབྱེད་པ་ཡིན་ཏེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ནི་རང་སྡེའི་གྲུབ་མཐའ་སྨྲ་བ་དང་། དེ་ལྟར་ཁས་མི་ལེན་པའི་གྲུབ་མཐའ་སྨྲ་བ་ནི་གཞན་སྡེའི་གྲུབ་མཐའ་སྨྲ་བར་འཇོག་པ་ཡིན། དེས་ན་ཕྱི་རོལ་པའི་ལྟ་བ་གཙོ་བོ་ནི་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་གྲུབ་པར་འདོད་པ་དང་། ནང་པའི་གྲུབ་མཐའ་སྨྲ་བས་གང་ཟག་དེ་གསུམ་གང་གི་ངོ་བོར་ཡང་མ་གྲུབ་པས། རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པར་འདོད་པ་ཡིན། རང་སྡེ་གནས་མ་བུ་པས་བརྗོད་དུ་མེད་པའི་གང་ཟག་ཞིག་ཁས་ལེན་པས་ཕྱི་ནང་གྲུབ་མཐའ་གང་ཡིན་དཔྱད་པ་གོང་དུ་ན་སྡེའི་ནང་གནས་མ་བུ་པ་ཞེས་པར་གཟིགས།
- language:
- Tibetan