- phyi nang gi rig pa
- ID:
- T236836
- ཕྱི་ནང་གི་རིག་པ (Tibetan, Tibetan script, Original)
- > phyi nang gi rig pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > chinang gi rigpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རིག་གནས་ཆུང་བ་ལྔ་(སྙན་དངགས། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་)ནི་ཕྱི་རོལ་མུ་སྟེག་པ་དང་ནང་པ་སངས་རྒྱས་པ་གཉིས་ཀས་བསླབས་སུ་རུང་བའི་རིག་གནས་ཡིན་པས་ཕྱི་རིག་པ་ཟེར་ཞིང་། རིག་གནས་ཆེ་བ་ལྔ་﹙སྒྲ་ ཚད་མ་ བཟོ་ གསོ་བ་ ནང་རིག་པ་﹚ཡི་ནང་ནས་དང་པོ་བཞི་ཡང་ཕྱི་ནང་ཐུན་མོང་བས་བསླབས་བྱིའི་རིག་གནས་ཡན་པས་ཕྱི་རིགས་པ་དང་ནང་རིག་པ་སྡེ་སྣོད་གསུམ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་འཛིན་པ་རྣམས་ཀྱི་མཐུན་མོང་མ་ཡིན་པའི་བསླབ་བྱའི་ཡོན་ཏན་ཡིན་པས་ནང་རིག་པ་ཞེས་བརྗོད་སྲོལ་ཡོད། །
- language:
- Tibetan
2. Thupten Phuntsok Dictionary
རིག་གནས་ཆུང་བ་ལྔ (སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས) ནི་ཕྱི་རོལ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པ་གཉིས་ཀས་བསླབས་སུ་རུང་བའི་རིག་གནས་ཡིན་པས་ཕྱི་རིག་པ་ཟེར་ཞིང་། རིག་གནས་ཆེ་བ་ལྔ་ (སྒྲ། ཚད་མ། བཟོ། གསོ་བ། ནང་རིག་པ) ཡི་ནང་ནས་དང་པོ་བཞི་ཡང་ཕྱི་ནང་ཐུན་མོང་བས་བསླབ་བྱའི་རིག་གནས་ཡིན་པས་ཕྱི་རིག་པ་དང་། ནང་རིག་པ་སྡེ་སྣོད་གསུམ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་འཛིན་པ་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་བསླབ་བྱའི་ཡོན་ཏན་ཡིན་པས་ནང་རིག་པ་ཞེས་བརྗོད་སྲོལ་ཡོད།
- language:
- Tibetan