- phyi 'brel mngon pa'i rtsa drug
- ID:
- T236856
- ཕྱི་འབྲེལ་མངོན་པའི་རྩ་དྲུག (Tibetan, Tibetan script, Original)
- > phyi 'brel mngon pa'i rtsa drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > chi drel ngönpé tsa druk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཀླད་པའི་རྗེ་ཞབས་ནས་བརྒྱུད་དེ་ལྷག་པའི་ཆུ་ལེབ་སོགས་སུ་ཕྱིར་ཐོན་ནས་ལུས་ཕྱིའི་ཡན་ལག་རུས་ཚིགས་སོགས་དང་འབྲེལ་ཞིང་མིག་ལམ་དུ་མངོན་ཐུབ་པའི་རྩ་དཀར་སྦུ་གུ་ཅན་གཉིས་དང་། འཇའ་བྱེད་གཉིས། རཏྣ་གཉིས་བཅས་ཀྱི་བསྡུས་མིང་སྟེ། ངོས་འཛིན་ཐད་མཁས་པས་བཞེད་པ་མི་འདྲ་ཙམ་མཆིས་ཀྱང་མང་དོགས་ཀྱིས་འདིར་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་ལུས་ཐིག་ཟླ་བ་ནོར་བུའི་མེ་ལོང་ལྟར་བཀོད་པ་ལ། དེ་ཉིད་ལས་ཇི་སྐད་དུ། ཕྱི་རྩ་ལྟག་པའི་ཆུ་ལེབ་གཡས་གཡོན་ན། ཆུ་རྩ་སྦུ་གྭ་ཅན་གཉིས་དེ་ནས་ཕྱིར། ཚོན་རེའི་སྤུ་འཁྱིལ་ས་ན་འཇའ་བྱེད་གཉིས། རྣ་ཤལ་འོག་གཤོངས་རཏྣ་གཉིས་ཏེ་དྲུག
- language:
- Tibetan