- phyi rol pa'i grub mtha'i dbye ba
- ID:
- T236883
- ཕྱི་རོལ་པའི་གྲུབ་མཐའི་དབྱེ་བ (Tibetan, Tibetan script, Original)
- > phyi rol pa'i grub mtha'i dbye ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > chirolpé drubté yewa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མུ་སྟེགས་པའི་ལུགས་མཐའ་ཡས་པ་ཞིག་མཆིས་པ་དེ་དག་ཐམས་ཅད་ཀྱི་རྩ་བ་ནི་གྲངས་ཅན་པ་དང་གཞན་རྣམས་དེ་ལས་གྱེས་པ་ཡིན་ཏེ། 《དབུ་མ་འཇུག་པ་》ལས། དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཞེས་གསུངས་པ་ལྟར། གྲངས་ཅན་པས་བཏགས་པའི་བདག་དེའི་ཁྱད་པར་ལས་ཅུང་ཟད་ཅུང་ཟད་བསྣོན་འབྲིའི་ཚུལ་མི་འདྲ་བ་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཕན་ཚུན་ཐ་དད་པར་འགྱུར་རོ། །ཞེས་གསུངས། དེ་ལ་དབྱེ་ན། མདོ་ཚངས་པའི་དྲ་བ་ལས་ལྟ་ངན་དྲུག་བཅུ་རེ་གཉིས། དད་པ་ཆེར་ཆེར་འབྱུང་གི་མདོ་ལས། དམ་པ་མིན་པའི་ལྟ་བ་ཉེར་བརྒྱད་དང་གཞན་ཡང་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི། ཡ་མཚན་ཅན་གྱི་ལྟ་བ་དགུ་བཅུ་རྩ་དྲུག ལྟ་ངན་ཉི་ཤུ་སོགས་ལྟ་བ་ངན་པ་གྲངས་ཀྱིས་མི་ལངས་པ་ཡོད་པས། དཔལ་ལྡན་ཆོས་ཀྱིད་གྲགས་པས། ལོག་པའི་ལམ་ལ་མུ་མེད་ཕྱིར། །ཞེས་གསུངས་པ་ལྟར། སྤྱིར་ལོག་རྟོག་ཀྱི་ལྟ་བ་ངན་པ་ལ་འདི་བྱུང་དང་འདི་མི་འབྱུང་ཞེས་ཁ་ཚོན་གཅོད་དཀའ་བས་གཞན་སྡེ་ལ་མཐའ་གཅིག་ཏུ་གྲངས་ངེས་བཟུང་བྱ་བ་མི་རིགས་ཀྱང་བོད་ཀྱི་མཁས་པ་སྔ་མ་ཕལ་ཆེ་བའི་གཞུང་ལས། གྲངས་ཅན་པ། བྱེ་བྲག་པ། རིག་པ་ཅན་པ། དཔྱོད་པ་བ། གཅེར་བུ་པ། རྒྱང་འཕེན་པ་རྣམས་ལ་རྩ་བའི་སྡེ་དྲུག་ཞེས་གསུངས་ལ། མུ་སྟེགས་པ་ཀུན་འདིའི་ནང་དུ་འདུས་ཤིང་། དེ་ཡང་བསྡུས་ན་རྟག་ཆད་ཀྱི་སྡེ་གཉིས་སུ་མ་འདུས་པ་མེད་དོ་ཞེས་གསུངས། དེ་དག་ལས་དང་པོ་ལྔ་ནི་རྟག་པར་ལྟ་བ་དང་ཕྱི་མ་ནི་ཆད་པར་ལྟ་བ་ཡིན་ནོ། །
- language:
- Tibetan
2. Thupten Phuntsok Dictionary
མུ་སྟེགས་པ་ནི། གྲངས་ཅན་པའི་གྲུབ་མཐའ་སྨྲ་བ་དེའི་བཏགས་པའི་བདག་དེའི་ཁྱད་པར་ལས་ཅུང་ཟད་བསྣོན་འབྲིའི་ཚུལ་མི་འདྲ་བ་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཕན་ཚུན་ཐ་དད་པར་འགྱུར་ཏེ། ལྟ་ངན་དྲུག་ཅུ་རེ་གཉིས། ལྟ་བ་ཉེར་བརྒྱད་དང་། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི། ཡ་མཚན་ཅན་གྱི་ལྟ་བ་དགུ་བཅུ་རྩ་དྲུག་ལྟ་ངན་ཉི་ཤུ་སོགས་ལྟ་བ་ངན་པ་གྲངས་ཀྱིས་མི་ལངས་པ་ཡོད་དོ། །
- language:
- Tibetan