Skip to main content Skip to search
phying dril bcos
ID:
T236889
  • ཕྱིང་དྲིལ་བཅོས (Tibetan, Tibetan script, Original)
    • > phying dril bcos (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ching dril chö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྨན་བསིལ་སྦྱོར་དང་དྲོད་སྦྱོར་གཉིས་མཉམ་དུ་བསྲེ་ནས་གཏོང་དགོས་པའི་ནད་ཚ་གྲང་འདྲེས་པར་ཕན་པའི་བཅོས་ཐབས་ཀྱི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས། ཕྱིང་དྲིལ་བཅོས་ནི་གཙོ་བོ་བརྒྱད་པ་དང་། ཨ་གར་བརྒྱད་པ་གཉིས་མཉམ་དུ་བསྲེས་ནས་རླུང་ཚད་འདྲེས་པའི་སྐབས་སུ་གཏོང་བ་ལྟ་བུ་ལ་ཟེར་ཏེ། དཔེ་ཕྱིང་པ་མཐའ་ནས་དྲིལ་བ་ལྟར་ནད་ཚ་གྲང་འདྲེས་པ་ཕྱོགས་གཅིག་ཏུ་བཅོས་དགོས་པའི་དཔེ་དོན་སྦྱར་བ་ཞིག

language:
Tibetan