Skip to main content Skip to search
phyir mig lung dbyar gnas
ID:
T236941
  • ཕྱིར་མིག་ལུང་དབྱར་གནས (Tibetan, Tibetan script, Original)
    • > phyir mig lung dbyar gnas (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chir mik lung yar né (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་ཤང་ཁོངས་ཕྱིར་མིག་ལུང་དུ་དེ་སྔོན་ལོ་རེའི་བོད་ཟླ་༧ཚེས་༡༥ནས་ཟླ་༨ཚེས་༣༠་བར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་དབྱར་གནས་ཚུགས་ཤིང་། རྒྱུད་སྨད་ཀྱི་དགེ་འདུན་པ་བརྒྱ་ཕྲག་གཉིས་གསུམ་ཤིག་ལྷ་ས་ནས་དེ་གར་ཆེད་ཕེབས་ཀྱིས་དབྱར་ཕྱི་མ་ཞལ་བཞེས་གནང་ཐོག་མཁན་པོས་འགྲེལ་པ་བཞི་སྦྲགས་སོགས་རྒྱུད་ཀྱི་འཆད་ཉན་གནང་བ་དང་། འདུ་ཁང་གི་ཐོག་ཁར་མཚམས་པ་བ་རྣམས་ལ་ན་རོ་ཆོད་དྲུག་སོགས་ཁྲིད་ཆེན་བརྒྱད་དུ་གྲགས་པ་འཆད་པར་མཛད། བོད་ས་གནས་སྲིད་གཞུང་ནས་རྩེ་དྲུང་དཀྱུས་མ་ཞིག་དབྱར་གནས་དོ་དམ་དུ་ཆེད་མངགས་བསྐོ་གཏོང་བྱེད་སྲོལ་ཡོད་འདུག །

language:
Tibetan

2. Thupten Phuntsok Dictionary

སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་ཤང་ཁོངས་ཕྱིར་མིག་ལུང་དུ་དེ་སྔོན་ལོ་རེའི་བོད་ཟླ༧ཚེས༡༥ཉིན་ནསཟླ༨ཚེས༣༠བར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་དབྱར་གནས་ཚུགས་ཤིང་། རྒྱུད་སྨད་ཀྱི་དགེ་འདུན་པ་བརྒྱ་ཕྲག་གཉིས་གསུམ་ཞིག་ལྷ་ས་ནས་དེ་གར་ཆེད་ཕེབས་ཀྱིས་དབྱར་ཕྱི་མ་ཞལ་བཞེས་གནང་ཐོག་མཁན་པོས་འགྲེལ་པ་བཞི་སྦྲགས་སོགས་རྒྱུད་ཀྱི་འཆད་ཉན་གནང་བ་དང་། འདུ་ཁང་གི་ཐོག་ཁར་མཚམས་པ་བ་རྣམས་ལ་ན་རོ་ཆོས་དྲུག་སོགས་ཁྲིད་ཆེན་བརྒྱད་དུ་གྲགས་པ་འཆད་པར་མཛད། བོད་ས་གནས་སྲིད་གཞུང་ནས་རྩེ་དྲུང་དཀྱུས་མ་ཞིག་དབྱར་གནས་དོ་དམ་དུ་ཆེད་མངགས་བསྐོ་གཏོང་བྱེད་སྲོལ་ཡོད་འདུག

language:
Tibetan