- phyogs dang phyogs mtshams su bkra shis rtags brgyad
- ID:
- T237011
- ཕྱོགས་དང་ཕྱོགས་མཚམས་སུ་བཀྲ་ཤིས་རྟགས་བརྒྱད (Tibetan, Tibetan script, Original)
- > phyogs dang phyogs mtshams su bkra shis rtags brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
- > chok dang choktsam su tashi tak gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷ་ས་གྲོང་ཁྱེར་གྱི་ཕྱོགས་བཞིའི་རི་རྣམས་རང་བྱུང་གི་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པར་ཡོད་པར་བཤད་པ་ལྟར་གྱི་རི་དཔྱད་ངོས་འཛིན་ཚུལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ལྟར་བཤད་ན། ༡ཉང་བྲན་གྲོང་སྨད་ཀྱི་རྒྱབ་རི་ཕ་བོང་ཁ་དང་ཆུ་བཟང་གཉིས་ཀྱི་བར་དུ་ཡོད་པའི་རི་གདོང་གདུགས་ཀྱི་ཤམ་བུ་གསུམ་དང་ཏོག་བཅས་ཀྱི་བཟོ་དབྱིབས་ཅན་ནི་གདུགས། ༢མལ་གྲོང་གི་རིའམ་རི་སྐྱའི་བྲག་ཉ་རིས་ཀྱི་དབྱིབས་ཅན་ནི་གསེན་ཉ་།༣ གྲིབ་རྫོང་བཙན་གྱི་་རིའི་རྩེ་མོ་བུམ་པའི་གཟུགས་དབྱིབས་ཅན་ནི་བུམ་པ་། ༤དོག་བདེར་ཁ་བྲག་གི་རི་རྒྱུད་མི་ཏོག་པདྨའི་དབྱིབས་གསལ་བར་དོད་པ་ནི་པདྨ་། ༥ཕ་ཕོང་ཁའི་རྒྱབ་རི་སྲོང་བཙན་སྒམ་པོའི་ཞལ་འབག་ཏུ་གྲགས་པའི་རི་དབྱོངས་དུང་དཀར་གཡས་འཁྱིལ་གྱི་གཟུགས་དོད་པ་ནི་དུང་དཀར་།༦ལྷ་སའི་ལྷོ་ཕྱོགས་སྡིག་རག་གི་རྒྱབ་ཀྱི་ཡུག་མའི་རི་ཁ་ཤར་དུ་ལྟ་བའི་རྩེ་མོ་ལྔ་སྒྲོམ་གྱི་རྣམ་པར་ཇོན་པ་དེ་དཔའ་བེའུ་། ༧གདུགས་རའི་བྱང་ཤར་དངོས་སུ་རྨོག་ལྕོག་ཟེར་བའི་རི་དབྱིབས་རྒྱལ་མཚན་ཤམ་བུ་ཅན་དང་ཏོག་གི་རྣམ་པ་གསལ་བ་ནི་རྒྱལ་མཚན་། ༨སྟོད་ལུང་བཟང་བུའི་རའི་ཉེ་འདབས་སུ་འཁོར་ལོའི་རྩིབས་རྣམས་བྲག་དང་རྩིབས་ཤུན་རྣམས་སྤང་གཤོང་དུ་ཡོད་པ་ཡོངས་གྲགས་སུ་ཧ་ལ་སྤང་ཁར་འབོད་པ་ནི་འཁོར་ལོ་སྟེ་ལྷ་སའི་ཕྱོགས་མཚམས་སུ་ཡོད་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་ས་དབྱིབས་བཤད་མཚུལ་ཡིན་།
- language:
- Tibetan
2. Thupten Phuntsok Dictionary
ལྷ་ས་གྲོང་ཁྱེར་གྱི་ཕྱོགས་བཞིའི་རི་རྣམས་རང་བྱུང་གི་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པར་ཡོད་པར་བཤད་པ་ལྟར་གྱི་རི་དཔྱད་ངོས་འཛིན་ཚུལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ལྟར་བཤད་ན། ༡ཉང་བྲན་གྲོང་རྒྱབ་རི་ཕ་བོང་ཁ་དང་ཆུ་བཟང་གཉིས་ཀྱི་བར་དུ་ཡོད་པའི་རི་གདོང་གདུགས་ཀྱི་ཤམ་བུ་གསུམ་དང་ཏོག་བཅས་ཀྱི་བཟོ་དབྱིབས་ཅན་ནི་གདུགས། ༢ མལ་གྲོང་གི་རིའམ་རི་སྐྱའི་བྲག་ཉ་རིས་ཀྱི་དབྱིབས་ཅན་ནི་གསེར་ཉ། ༣ གྲིབ་རྫིང་བཙན་གྱི་རིའི་རྩེ་མོ་བུམ་པའི་གཟུགས་དབྱིབས་ཅན་ནི་བུམ་པ། ༤ དོག་བདེ་ར་ཁ་བྲག་གི་རི་རྒྱུད་མེ་ཏོག་པདྨའི་དབྱིབས་གསལ་བར་དོད་པ་ནི་པདྨ། ༥ ཕ་བོང་ཁའི་རྒྱབ་རི་སྲོང་བཙན་སྒམ་པོའི་ཞལ་འབག་ཏུ་གྲགས་པའི་རི་དབྱིབས་དུང་དཀར་གཡས་འཁྱིལ་གྱི་གཟུགས་དོད་པ་ནི་དུང་དཀར། ༦ ལྷ་སའི་ལྷོ་ཕྱོགས་སྡིག་རག་གི་རྒྱབ་ཀྱི་ཡུག་མའི་རི་ཁ་ཤར་དུ་ལྟ་བའི་རྩེ་མོ་ལྔ་སྒྲོམ་གྱི་རྣམ་པར་ཐོན་པ་ནི་དཔལ་བེའུ། ༧ གདུགས་རིའི་བྱང་ཤར་ངོས་སུ་ཡོད་པའི་རྨོག་ལྕོག་ཟེར་བ་རི་དབྱིབས་རྒྱལ་མཚན་ཤམ་བུ་ཅན་དང་ཏོག་གི་རྣམ་པ་གསལ་བར་དོད་པ་ནི་རྒྱལ་མཚན། ༨ སྟོད་ལུང་བྲང་བུའི་རིའི་ཉེ་འདབས་སུ་འཁོར་ལོའི་རྩིབས་རྣམས་བྲག་དང་རྩིབས་ཤུན་རྣམས་སྤང་གཤོང་དུ་ཡོད་པ་ཡོངས་གྲགས་སུ་ཧ་ལ་སྤང་ཁར་འབོད་པ་ནི་འཁོར་ལོ་སྟེ། ལྷ་སའི་ཕྱོགས་མཚམས་སུ་ཡོད་པའི་བཀྲ་ཤིས་རྟགས་བརྒྱད་ཀྱི་ས་དབྱིབས་བཤད་ཚུལ་ཡིན།
- language:
- Tibetan