Skip to main content Skip to search
phyogs bzhi dbus kyi ngo mtshar lnga ldan
ID:
T237027
  • ཕྱོགས་བཞི་དབུས་ཀྱི་ངོ་མཚར་ལྔ་ལྡན (Tibetan, Tibetan script, Original)
    • > phyogs bzhi dbus kyi ngo mtshar lnga ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chok shyi ü kyi ngotsar ngaden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ་འཇིག་རྟེན་ཁམས་ལ་གྲངས་མེད་ཅིང་ཚད་མེད་པའི་ནང་ནས་། རང་བཅག་གནས་པའི་འཛམ་གླིང་འདི་ནི་ངོ་མཚར་བའི་ཁྱད་ཆོས་ཆེན་པོ་ལྔ་ཡོད་པ་ཞིག་སྟེ་། དཀྱིལ་དུ་སྔར་བྱོན་པའི་སངས་རྒྱས་གསུམ་དང་ད་ལྟའི་སངས་རྒྱས་ཤྰཀྱ་མུ་ནེ་སངས་རྒྱས་པའི་གནས་རྒྱ་གར་རྡོ་རྗེགདན་། ཤར་ཕྱོགས་སུ་འཕགས་པ་འཇམ་དཔལ་དབྱངས་དངོས་སུ་གཞུགས་པའི་གནས་རྒྱ་ནག་རི་བོ་རྩེ་ལྔ་། ལྷོ་ཕྱོགས་སུ་འཕགས་པ་སྤྱིན་རས་གཟིགས་དངོས་སུ་བཞུགས་པའི་གནས་རི་བོ་པོ་ཏ་ལ་། ནུབས་ཕྱོགས་སུ་མཁའ་འགྲོ་དངོས་སུ་གནས་པའི་ཨོ་རྒྱན་མཁའ་འགྲོའི་གླིང་། བྱང་ཕྱོགས་སུ་གསང་བསྔགས་ཀྱི་ལམ་ལ་གཏན་ནས་གྲུབ་པ་ཐོབ་པའི་རྒྱལ་བ་ཤ་སྟག་གིས་སྲིད་དབང་བཟུང་བའི་གནས་ཤམ་བྷ་ལ་བཅས་ལྔས་མཐའ་སྐོར་ནས་ཡོད་པས་འཇིག་བརྟེན་ཁམས་གཞན་དག་ལས་ཀྱང་ཁྱད་དུ་ཕགས་པ་ཡིན་ཟེར་།

language:
Tibetan

2. Thupten Phuntsok Dictionary

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། འཇིག་རྟེན་ཁམས་ལ་གྲངས་མེད་ཚད་མེད་པའི་ནང་ནས། རང་ཅག་གནས་པའི་འཛམ་གླིང་འདི་ནི་ངོ་མཚར་བའི་ཁྱད་ཆོས་ཆེན་པོ་ལྔ་ཡོད་པ་ཞིག་སྟེ། དཀྱིལ་དུ་སྔར་བྱོན་པའི་སངས་རྒྱས་གསུམ་དང་། ད་ལྟའི་སངས་རྒྱས་ཤཱཀྱ་མུ་ནེ་སངས་རྒྱས་པའི་གནས་རྒྱ་གར་རྡོ་རྗེ་གདན། ཤར་ཕྱོགས་སུ་འཕགས་པ་འཇམ་དཔལ་དབྱངས་དངོས་སུ་བཞུགས་པའི་གནས་རྒྱ་ནག་རི་བོ་རྩེ་ལྔ། ལྷོ་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དངོས་སུ་བཞུགས་པའི་གནས་རི་བོ་པོ་ཏ་ལ། ནུབ་ཕྱོགས་སུ་མཁའ་འགྲོ་དངོས་སུ་གནས་པའི་ཨོ་རྒྱན་མཁའ་འགྲོའི་གླིང་། བྱང་ཕྱོགས་སུ་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་རྒྱལ་བ་ཤ་སྟག་གིས་སྲིད་དབང་བཟུང་བའི་གནས་ཤམ་བྷ་ལ་བཅས་ལྔས་མཐའ་བསྐོར་ནས་ཡོད་པས་འཇིག་རྟེན་ཁམས་གཞན་དག་ལས་ཀྱང་ཁྱད་དུ་འཕགས་པ་ཡིན་ཟེར།

language:
Tibetan