Skip to main content Skip to search
phra dkrug ri mo'i grub mtha'
ID:
T237037
  • ཕྲ་དཀྲུག་རི་མོའི་གྲུབ་མཐའ (Tibetan, Tibetan script, Original)
    • > phra dkrug ri mo'i grub mtha' (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tra truk rimö drubta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འཆར་སྣང་རི་མོའི་གྲུབ་མཐའ་གསར་པའམ་ཚོན་སྣ་དབྱེ་བའི་རིང་ལུགས་ཀྱང་ཟེར། དེ་ནི་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་ཧྥ་རན་སིར་ཐོན་པ་དང་སྲོལ་བཏོད་པ་ནི་ཤིའུ་སླ་ཡིན། རི་མོ་དེའི་འབྲི་ཐབས་ནི་ཚོན་རྣམས་འདྲེས་སྦྱོར་སྡེར་མའི་ནང་དུ་སྦྱོར་སྡེབ་མི་བྱེད་པ་དང་པིར་རྗེས་རང་སྣང་ལྟ་བུ་མ་ཡིན་པར། ཐིགས་ལེའི་དབྱིབས་ཅན་ཆེ་ཆུང་ཆ་མཉམ་ཅན་གྲལ་འགྲིགས་པོའི་སྒོ་ནས་ཕྲ་དཀྲུག་པའི་བྱེད་ཐབས་ཤིག་གསར་སྐྲུན་བྱས། དེ་རྗེས་ཚོན་གང་རུང་གིས་རས་གཞིའི་སྟེང་དུ་ཕྲ་ཞིང་ཞིབ་པའི་སྒོ་ནས་ཕྲ་དཀྲུག་སྟེ། ཚོན་གྱིས་ཕན་འབྲས་ཐོན་པའི་རི་མོའི་རིགས་མཐའ་དག་ལ་ཕྲ་དཀྲུག་རི་མོའི་གྲུབ་མཐའ་ཞེས་ཟེར།

language:
Tibetan