- phra zhib ri mo
- ID:
- T237048
- ཕྲ་ཞིབ་རི་མོ (Tibetan, Tibetan script, Original)
- > phra zhib ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > tra shyib rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དཔེ་དེབ་དང་། རྟགས་མ། སྒམ་ཆུང་། པར་སྒྲོམ་སོགས་དང་། ད་དུང་ནོར་བུའི་རིགས་ཆས་དང་བ་སོ་སོགས་ཀྱིས་བཟོས་པའི་རྒྱན་ཆའི་ཐོག་བརྐོས་བྱས་པའི་ཆེས་ཕྲ་མོའི་རི་མོའི་རིགས་ཤིག་ཡིན། དེས་གཙོ་བོ་རྒྱན་སྤྲོས་ཀྱི་ནུས་པ་ལྡན་ཞིང་ནང་དོན་ནི་མི་སྣའི་འདྲ་རིས་དང་། རྒྱན་རིས་སྣ་ཚོགས། ཡུལ་ལྗོངས། ཡུལ་གོམས་ཀྱི་ལོ་རྒྱུས་སོགས་འགོད་ཀྱི་ཡོད། ཕྲ་ཞིབ་རི་མོ་དེ་ཐོག་མར་ལོ་ངོ་ཉིས་སྟོང་གི་སྔོན་ལ་ཨེ་འཇིབ་ཀྱི་སྒྲིལ་བཏུམས་ཐོག་ཐོན་པ་དང་། གནའ་བོའི་ཞི་ལ་དང་། རོ་མར་ཡང་དར་སྲོལ་ཆེན་པོ་ཡོད། དུས་རབས་དཀྱིལ་མའི་ཡོ་རོབ་ཀྱི་ཅི་ཏུའུ་ཆོས་ལུགས་ཀྱི་དངོས་རྫས་ཐོག་ཕྲ་ཞིབ་རི་མོ་ཕྲ་བརྒྱབ་པ་ལྟར་བརྐོས་ཡོད། དུས་རབས་བཅུ་དྲུག་པའི་རྗེས་སུ། དེ་བས་རྒྱ་ཁྱབ་ཀྱི་སྒོ་ནས་ཅི་ཏུའུ་གསུང་རབ་དང་། གསོལ་འདེབས་ཀྱི་དཔེ་ཆའི་ཐོག་ཕྲ་ཞིབ་རི་མོ་ཐོན་ཡོད། རིག་རྩལ་བསྐྱར་དར་སྐབས་ཀྱི་འཇར་མན་གྱི་རི་མོ་མཁས་ཅན་ཧེར་པའེ་ཡིང་ནི་ཕུལ་དུ་བྱུང་བའི་འདྲ་རིས་ཕྲ་ཞིབ་རི་མོ་མཁས་ཅན་ཞིག་ཡིན།
- language:
- Tibetan