Skip to main content Skip to search
'phags pa grol sde
ID:
T237105
  • འཕགས་པ་གྲོལ་སྡེ (Tibetan, Tibetan script, Original)
    • > 'phags pa grol sde (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pakpa drol dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སློབ་དཔོན་དབྱིན་གཉེན་གྱི་སློབ་མ་མཆོག་བཞིའི་ནང་ཚན། ཕར་ཕྱིན་རང་ལས་མཁས་འཕགས་པ་རྣམ་གྲོལ་སྡེ་སྟེ། རྒྱ་གར་ཡུལ་དབུས་སུ་སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་སྲས་སུ་འཁྲུངས། གཞོན་ནུའི་དུས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་ཕེབས་ཏེ་གུས་པས་བསྙེན་ཅིང་རིག་པའི་གཙུག་ལག་མང་པོ་ཐུགས་སུ་ཆུད་པ་དང་། ཁྱད་པ་དུ་ཤེར་ཕྱིན་གྱི་མདོ་སྟེ་རིན་པོ་ཆེ་རྣམས་རྫོགས་པར་གསན་ནས་ཚིག་དོན་གཉིས་ཀ་ཐུགས་སུ་ཆུད་དེ་ཤིན་ཏུ་མཁས་པར་གྱུར་ནས།རྗེ་བཙུན་བྱམས་པའི་མངོན་རྟོགས་རྒྱན་དང་ཉི་ཁྲི་སྦྱར་བའི་བསྟན་བཅོས་ཆེན་པོ་ཉི་ཁྲི་སྣང་བ་ཞེས་བྱ་བ་མཛད་དོ། །

language:
Tibetan

2. Thupten Phuntsok Dictionary

སློབ་དཔོན་དབྱིན་གཉེན་གྱི་སློབ་མ་མཆོག་བཞིའི་ནང་ཚན། རྒྱ་གར་ཡུལ་དབུས་སུ་སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་སྲས་སུ་འཁྲུངས། གཞོན་ནུའི་དུས་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་ཕེབས་ཏེ་གུས་པས་བསྙེན་ཅིང་རིག་པའི་གཙུག་ལག་མང་པོ་ཐུགས་སུ་ཆུད་པ་དང་། ཁྱད་པར་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་རྣམས་རྫོགས་པར་གསན་ནས་ཚིག་དོན་གཉིས་ཀ་ཐུགས་སུ་ཆུད་དེ་ཤིན་ཏུ་མཁས་པར་གྱུར་ནས། རྗེ་བཙུན་བྱམས་པའི་མངོན་རྟོགས་རྒྱན་དང་ཉི་ཁྲི་སྦྱར་བའི་བསྟན་བཅོས་ཆེན་པོ་ཉི་ཁྲི་སྣང་བ་ཞེས་བྱ་བ་མཛད་དོ། །

language:
Tibetan