- 'phags pa 'jam dpal
- ID:
- T237108
- འཕགས་པ་འཇམ་དཔལ (Tibetan, Tibetan script, Original)
- > 'phags pa 'jam dpal (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpa jampal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་གཅིག་ཏུ་བསྡུས་པ་མཁྱེན་པའི་བདག་ཉིད་ཅན། སོ་སྐྱེ་ལས་རིང་དུ་འཕགས་ཤིང་སྒྲིབ་གཉིས་ཀྱི་རྩུབ་རེག་དང་བྲལ་ཏེ་འཇམ་པའི་གསུང་བཟང་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒྲ་དབྱངས་བཞི་ལྷག་དྲུག་ཅུའི་དཔལ་དང་ལྡན་པས་འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པས་ན་འཕགས་པ་འཇམ་དཔལ་དབྱངས་ཞེས་མཚན་དུ་གྲགས་པ། སྐུ་མདོག་དམར་སེར་བྱང་སེམས་གཞོན་ནུའི་ཆ་བྱད་ཅན་ཟུར་ཕུད་ལྔ་པ་ཤིན་ཏུ་གཞོན་ཤ་ཆགས་པ། རིན་པོ་ཆེ་དང་དར་གྱི་ན་བཟའ་མནབས་པ། ཕྱག་གཡས་པས་སྐྱབས་སྦྱིན་གྱི་རྒྱ་དང་། གཡོན་པས་ཨུཏྤལའི་རྩེར་གླེགས་བམ་གྱི་མཚན་པའི་ཡུ་བ་ནས་བསྣམས་པ་ཞིག་གོ།
- language:
- Tibetan