- 'phags pa 'od srung chen po
- ID:
- T237116
- འཕགས་པ་འོད་སྲུང་ཆེན་པོ (Tibetan, Tibetan script, Original)
- > 'phags pa 'od srung chen po (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpa ösung chenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། འདི་སངས་རྒྱས་ཤཱཀྱ་མུ་ནེ་དངོས་ཀྱི་སློབ་མ། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པའི་རྟོགས་པ་ཐོབ་པ་དང་། སངས་རྒྱས་རང་ཉིད་མྱ་ངན་ལས་འདའ་ཁར་རང་ཉིད་ཀྱི་སྐུ་ཚབ་ཏུ་བསྐོས་ཤིང་མྱ་ངན་ལས་འདས་རྗེས་སློབ་མ་དགྲ་བཅོམ་པ་ལྔ་བརྒྱས་མགྲིན་གཅིག་ཏུ་མངོན་པའི་སྡེ་སྣོད་སྡུད་པ་པོར་བསྐོས་ནས་རང་ཉིད་ཀྱི་བློ་ལ་ཡོད་པའི་མངོན་པའི་སྡེ་སྣོད་རྣམས་བཏོན་ནས་ཕྱོགས་བསྡུས་མཛད། མཐར་རི་བོ་བྱ་རྐང་ཅན་དུ་ཕེབས་ནས་འགོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཏེ་སངས་རྒྱས་བྱམས་པ་འཛམ་བུའི་གླིང་དུ་མ་བྱོན་བར་དུ་སྐུ་གསོན་པོར་བཞུགས་པ་ཡིན་ཟེར། འདིའི་ལོ་རྒྱུས་ཞིབ་པ་བཀའ་འགྱུར་གྱི་《འདུལ་བ་ལུང》གི་ནང་གསལ།
- language:
- Tibetan
2. Thupten Phuntsok Dictionary
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། འདི་སངས་རྒྱས་ཤཱཀྱ་མུ་ནེ་དངོས་ཀྱི་སློབ་མ། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པའི་རྟོགས་པ་ཐོབ་པ་དང་། སངས་རྒྱས་རང་ཉིད་མྱ་ངན་ལས་འདའ་ཁར་རང་ཉིད་ཀྱི་སྐུ་ཚབ་ཏུ་བསྐོས་ཤིང་། མྱ་ངན་ལས་འདས་རྗེས་སློབ་མ་དགྲ་བཅོམ་པ་ལྔ་བརྒྱས་མགྲིན་གཅིག་ཏུ་མངོན་པའི་སྡེ་སྣོད་སྡུད་པ་པོར་བསྐོས་ནས། རང་ཉིད་ཀྱི་བློ་ལ་ཡོད་པའི་མངོན་པའི་སྡེ་སྣོད་རྣམས་བཏོན་ནས་ཕྱོགས་བསྡུས་མཛད། མཐར་རི་བོ་བྱ་རྐང་ཅན་དུ་ཕེབས་ནས་འགོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཏེ་སངས་རྒྱས་བྱམས་པ་འཛམ་བུའི་གླིང་དུ་མ་བྱོན་བར་དུ་སྐུ་གསོན་པོར་བཞུགས་པ་ཡིན་ཟེར། འདིའི་ལོ་རྒྱུས་ཞིབ་པ་བཀའ་འགྱུར་གྱི་འདུལ་བ་ལུང》གི་ནང་གསལ།
- language:
- Tibetan