- 'phags pa la chos kyi bdag med mngon sum du rtogs pas khyab
- ID:
- T237117
- འཕགས་པ་ལ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པས་ཁྱབ (Tibetan, Tibetan script, Original)
- > 'phags pa la chos kyi bdag med mngon sum du rtogs pas khyab (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpa la chö kyi dakmé ngönsum du tokpé khyab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བཞེད་ཚུལ་འདི་ཡང་ཐལ་འགྱུར་བའི་ཐུན་མོང་མིན་པའི་ཁྱད་ཆོས་ཆེན་པོ་བརྒྱད་ཀྱི་ནང་གསེས་ཤིག་ཡིན་ཏེ། དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་སངས་རྒྱས་འཐོབ་པ་ལ་སྟོང་ཉིད་རྟོགས་དགོས་པར་བཞེད་ཀྱང་། ཐར་པ་ཙམ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པར་མི་རྟག་སོགས་བཅུ་དྲུག་རྟོགས་ཟིན་གོམས་པ་ལ་བརྟེན་ནས་ཉོན་མོངས་ཟད་པར་སྤངས་པས་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་འཐོབ་པར་བཞེད་དོ། །ལུགས་འདིར་ཐར་པ་ཙམ་ཐོབ་པར་འདོད་པས་ཀྱང་སྟོང་ཉིད་རྟོགས་དགོས་པར་བཞེད་དོ། །ཉན་རང་འཕགས་པ་རྣམས་ཀྱིས་ཀྱང་ཆོས་ཀྱི་བདག་མེད་ཕྲ་མོ་མ་རྟོགས་ན་སེམས་བདེན་འཛིན་གྱི་དམིགས་པ་དང་བཅས་ཏེ་བདེན་འཛིན་གྱི་ཞེན་ཡུལ་རིགས་པས་སུན་འབྱིན་མི་ནུས་པས་གང་ཟག་གི་བདག་མེད་ཀྱང་མཚན་ཉིད་རྫོགས་པར་རྟོགས་པ་མེད་ཅིང་། ཇི་སྲིད་སེམས་བདེན་འཛིན་དང་བཅས་པ་རྣམས་ཀྱིས་དེ་སྲིད་སངས་རྒྱས་འཐོབ་པ་ལྟ་ཞོག་ཐེག་དམན་གྱི་མྱ་ངན་ལས་འདས་པའང་ཐོབ་མི་ནུས་པས། ཉན་རང་འཕགས་པ་རྣམས་ཀྱིས་ཀྱང་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་ནས་རང་གི་བྱང་ཆུབ་མངོན་དུ་བྱེད་པར་བཞེད་དོ།
- language:
- Tibetan
2. Thupten Phuntsok Dictionary
བཞེད་ཚུལ་འདི་ཡང་ཐལ་འགྱུར་བའི་ཐུན་མོང་མིན་པའི་ཁྱད་ཆོས་ཆེན་པོ་བརྒྱད་ཀྱི་ནང་གསེས་ཤིག་སྟེ། དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་སངས་རྒྱས་འཐོབ་པ་ལ་སྟོང་ཉིད་རྟོགས་དགོས་པར་བཞེད་ཀྱང་། ཐར་པ་ཙམ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པར་མི་རྟག་སོགས་བཅུ་དྲུག་རྟོགས་ཟིན་གོམས་པ་ལ་བརྟེན་ནས་ཉོན་མོངས་ཟད་པར་སྤངས་པས་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་འཐོབ་པར་བཞེད་དོ། །ལུགས་འདིར་ཐར་པ་ཙམ་ཐོབ་པར་འདོད་པས་ཀྱང་སྟོང་ཉིད་རྟོགས་དགོས་པར་བཞེད་དོ། །ཉན་རང་འཕགས་པ་རྣམས་ཀྱིས་ཀྱང་ཆོས་ཀྱི་བདག་མེད་ཕྲ་མོ་མ་རྟོགས་ན་སེམས་བདེན་འཛིན་གྱི་དམིགས་པ་དང་བཅས་ཏེ་བདེན་འཛིན་གྱི་ཞེན་ཡུལ་རིགས་པས་སུན་འབྱིན་མི་ནུས་པས་གང་ཟག་གི་བདག་མེད་ཀྱང་མཚན་ཉིད་རྫོགས་པར་རྟོགས་པ་མེད་ཅིང་། ཇི་སྲིད་སེམས་བདེན་འཛིན་དང་བཅས་པ་རྣམས་ཀྱིས་དེ་སྲིད་སངས་རྒྱས་འཐོབ་པ་ལ་ལྟ་ཞོག་ཐེག་དམན་གྱི་མྱ་ངན་ལས་འདས་པའང་ཐོབ་མི་ནུས་པས། ཉན་རང་འཕགས་པ་རྣམས་ཀྱིས་ཀྱང་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་ནས་རང་གི་བྱང་ཆུབ་མངོན་དུ་བྱེད་པར་བཞེད་དོ། །
- language:
- Tibetan