- 'phags pa lag na pad+mo nam mkha'i rgyal po
- ID:
- T237120
- འཕགས་པ་ལག་ན་པདྨོ་ནམ་མཁའི་རྒྱལ་པོ (Tibetan, Tibetan script, Original)
- > 'phags pa lag na pad+mo nam mkha'i rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpa lak na pemo namkhé gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྤྱན་རས་གཟིགས་བཅུ་གཅིག་ཞལ་ལ་མགོན་པོ་ཀླུ་སྒྲུབ་ལུགས་དང་། རྒྱལ་པོ་ལུགས། དགེ་སློང་མ་དཔལ་མོ་ལུགས་སོགས་སྐུའི་རྣམ་འགྱུར་མི་འདྲ་བ་ཁ་ཤས་ཡོད་པའི་ནང་ནས་ལྷ་ས་གཙུག་ལག་ཁང་གི་ནང་དུ་ཡོད་པའི་ཐུགས་རྗེ་ཆེན་པོའི་སྐུ་ནི་རྒྱལ་པོ་ལུགས་ཏེ་མཚན་གཞན་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་ཡང་ཟེར། འདིའི་སྐུ་ཡི་རྣམ་འགྱུར་ཐད་ཞི་བའི་ཞལ་བཞི་དང་། ཁྲོ་བོའི་ཞལ་བདུན་བཅས་ཞལ་བཅུ་གཅིག་ཡོད་པ་མ་ཟད། རྩ་བའི་ཞལ་དཀར་པོ་གསུམ་དང་། དེའི་སྟེང་ཁྲོ་ཞལ་སེར་པོ་གསུམ་དེའི་སྟེང་དུ་ཁྲོ་ཞལ་དམར་པོ་གཉིས། དེའི་སྟེང་དུ་ཁྲོ་ཞལ་ནག་པོ་གཉིས། དེའི་སྟེང་དུ་ཞི་བའི་ཞལ་གཅིག་བཅས་བརྩེགས་ཚུལ་ཡོངས་གྲགས་དང་མི་འདྲ་བ་མ་ཟད། ཕྱག་མཚན་ཡང་ཡོགས་གྲགས་དང་མི་འདྲ་བ་ཡོད་པ་ཞིབ་པར་རྒྱལ་པོ་སྲོང་བཙན་སྒམ་པོ་རང་ཉིད་ཀྱིས་མཛད་པའི་བསྟོད་པ་ལས་གསལ་ཞིང་། སྟེང་གི་ཞི་བའི་ཞལ་མན་ཆད་རྒྱལ་པོ་སྲོང་བཙན་སྒམ་པོ་རང་ཉིད་བཞེངས་ནས་བཞུགས་པའི་སྐུ་ཚད་དམ་མཉམ་པར་བཤད་སྲོལ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
སྤྱན་རས་གཟིགས་བཅུ་གཅིག་ཞལ་ལ་མགོན་པོ་ཀླུ་སྒྲུབ་ལུགས་དང་། རྒྱལ་པོ་ལུགས། དགེ་སློང་མ་དཔལ་མོ་ལུགས་སོགས་སྐུའི་རྣམ་འགྱུར་མི་འདྲ་བ་ཁ་ཤས་ཡོད་པའི་ནང་ནས་ལྷ་ས་གཙུག་ལག་ཁང་གི་ནང་དུ་ཡོད་པའི་ཐུགས་རྗེ་ཆེན་པོའི་སྐུ་ནི་རྒྱལ་པོ་ཡང་ཟེར། འདིའི་སྐུ་ཡི་རྣམ་འགྱུར་ཐད་ཞི་བའི་ཞལ་བཞི་དང་། ཁྲོ་བོའི་ཞལ་བདུན་བཅས་ཞལ་བཅུ་གཅིག་ཡོད་པ་མ་ཟད། རྩ་བའི་ཞལ་དཀར་པོ་གསུམ་དང་། དེའི་སྟེང་དུ་ཞི་ཁྲོ་ཞལ་སེར་པོ་གསུམ། དེའི་སྟེང་དུ་ཁྲོ་ཞལ་དམར་པོ་གཉིས། དེའི་སྟེང་དུ་ཁྲོ་ཞལ་ནག་པོ་གཉིས། དེའི་སྟེང་དུ་ཞི་བའི་ཞལ་གཅིག་བཅས་བརྩེགས་ཚུལ་ཡོངས་གྲགས་དང་མི་འདྲ་བ་ཡོད་པ་ཞིབ་པར་རྒྱལ་པོ་སྲོང་བཙན་སྒམ་པོ་རང་ཉིད་ཀྱིས་མཛད་པའི་བསྟོད་པ་ལས་གསལ་ཞིང་། སྟེང་གི་ཞི་བའི་ཞལ་མན་ཆད་རྒྱལ་པོ་སྲོང་བཙན་སྒམ་པོ་རང་ཉིད་བཞེངས་ནས་བཞུགས་པའི་སྐུ་ཚད་དང་མཉམ་པར་བཤད་སྲོལ་ཡོད།
- language:
- Tibetan