- 'phags pa lag na pad+mo rang byon lnga ldan
- ID:
- T237121
- འཕགས་པ་ལག་ན་པདྨོ་རང་བྱོན་ལྔ་ལྡན (Tibetan, Tibetan script, Original)
- > 'phags pa lag na pad+mo rang byon lnga ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpa lak na pemo rang jön ngaden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(ལྷ་སའི་གཙུག་ལག་ཁང་གི་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན) སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སྐུ་རྒྱུ་བྱང་ཆུབ་ཤིང་གི་ཡལ་ག རྒྱ་མཚོའི་གླིང་གི་འཇག་མ། ཆུ་བོ་ནཻ་རཉྫའི་བྱེ་མ། ཙནྡན་ནོར་ཤྑའི་དུམ་བུ། གནས་ཆེན་བརྒྱད་ཀྱི་ས་སྣ་རྣམས། བ་དམར་པོའི་འོ་མ་དང་། ར་དཀར་མོའི་འོ་མས་སྤྲུལ་པའི་འཇིམ་པ་ལས་སྤྱན་རས་གཟིགས་ཀྱི་སྐུ་རྒྱལ་པོ་སྲོང་བཙན་སྒམ་པོ་རང་གི་སྐུ་ཚད་དང་མཉམ་པ་ཞིག་བཞེངས་རྩིས་བྱེད་པའི་སྐབས། ༡སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོའི་སྐུ་རང་བྱོན་དུ་ཕེབས་པ་དང་། ༢ སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏིས་གདན་དྲངས་པའི་ཙནྡན་སྦྲུལ་གྱི་སྙིང་པོའི་རང་བྱོན་བཅུ་གཅིག་ཞལ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ། ༣ སླར་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་པ། ༤ ཀོང་ཇོ་དང་། ༥ བལ་བཟའ་ཡང་ནུ་མ་གཡས་གཡོན་ལ་ཐིམ་པ་བཅས་ཡིན་ཞེས་བཤད་སྲོལ་དང་། ཞིབ་ཆརྒྱལ་རབས་གསལ་བའི་མེ་ལོང》གི་ལྕགས་དཔར་མའི་ཤོག་གྲངས༦༠ནས་༦༣བར་གསལ།
- language:
- Tibetan