- 'phags pa lag na pad+mo'i pho brang ri bo gru 'dzin
- ID:
- T237123
- འཕགས་པ་ལག་ན་པདྨོའི་ཕོ་བྲང་རི་བོ་གྲུ་འཛིན (Tibetan, Tibetan script, Original)
- > 'phags pa lag na pad+mo'i pho brang ri bo gru 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpa lak na pemö podrang riwo dru dzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ལ་རྒྱ་གར་སྐད་དུ་པོ་ཏ་ལ་ཞེས་བོད་སྐད་དུ་བསྒྱུར་ན་རི་བོ་གྲུ་འཛིན་ཞེས་པ་སྟེ། འདི་ས་གནས་གང་དུ་ཡོད་པའི་སྐོར་ལ་བཤད་སྲོལ་མི་འདྲ་བ་གཉིས་ཏེ། ༡ནང་པའི་ཆོས་གཞུང་ཕལ་ཆེ་བའི་ནང་དུ། རྒྱ་གར་ལྷོ་ཕྱོགས་སིངྒ་ལ་ཞིས་ལན་གླིང་ཕྲན་ནས་ལྷོ་ཕྱོགས་སུ་སོང་བ་ན་རི་པོ་ཏ་ལ་ཞེས་པའི་རི་བོའི་གླིང་ཕྲན་ཞིག་ཡོད་པར་བཤད། ༢རང་རེའི་ཀྲི་ཅང་ཞིང་ཆེན་གྱི་བྱང་ཤར་གླིང་ཕྲན་ཆེ་ཆུང་མང་དུ་ཡོད་པ་ལས། ཆེ་ཤོས་ཏིང་ཧེའི་རྫོང་གི་ཤར་ཕྱོགས་གླིང་ཕྲན་ཆུང་ངུ་ཞིག་ལ་རྒྱ་སྐད་དུ་ཧྥུ་ཐོ་ཧྲན་ཞེས་དོན་དངོས་སུ་ཤར་ཕྱོགས་རྒྱ་མཚོའི་ནང་གི་གླིང་ཕྲན་ཞིག་ཡིན་པ་དེ་ལ་ངོས་འཛིན་པ་ཡང་འདུག རི་བོ་འདི་རང་རྒྱལ་དུ་སྙན་གྲགས་དང་ལྡན་པའི་རི་བོ་ཞིག་སྟེ། རྒྱ་མཚོའི་ངོས་ལས་སྤྱི་ཁྲི་སུམ་བརྒྱ་བཅུ་མེད་དགུས་མཐོ་བ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
འདི་ལ་རྒྱ་གར་སྐད་དུ་པོ་ཏ་ལ་ཞེས་བོད་སྐད་དུ་བསྒྱུར་ན་རི་བོ་གྲུ་འཛིན་ཞེས་པ་སྟེ། འདི་ས་གནས་གང་དུ་ཡོད་པའི་སྐོར་ལ་བཤད་སྲོལ་མི་འདྲ་བ་གཉིས་ཏེ། ༡ནང་པའི་ཆོས་གཞུང་ཕལ་ཆེ་བའི་ནང་དུ། རྒྱ་གར་ལྷོ་ཕྱོགས་སིངྒ་ལ་ཞིས་ལན་གླིང་ཕྲན་ནས་ལྷོ་ཕྱོགས་སུ་སོང་བ་ན་རི་པོ་ཏ་ལ་ཞེས་པའི་རི་བོའི་གླིང་ཕྲན་ཞིག་ཡོད་པར་བཤད། ༢ ཀྲུང་གོའི་ཀྲེ་ཅང་ཞིང་ཆེན་གྱི་བྱང་ཤར་གླིང་ཕྲན་ཆེ་ཆུང་མང་དུ་ཡོད་པ་ལས། ཆེ་ཤོས་ཏིང་ཧེའི་རྫོང་གི་ཤར་ཕྱོགས་གླིང་ཕྲན་ཆུང་ངུ་ཞིག་ལ་རྒྱ་སྐད་དུ་ཧྥུ་ཐོ་ཧྲན་ཞེས་དོན་དངོས་སུ་ཤར་ཕྱོགས་རྒྱ་མཚོའི་ནང་གི་གླིང་ཕྲན་ཞིག་ཡིན་པ་དེ་ལ་ངོས་འཛིན་པ་ཡང་འདུག རི་བོ་འདི་ཀྲུང་གོ་ན་སྙན་གྲགས་དང་ལྡན་པའི་རི་བོ་ཞིག་སྟེ། རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་སུམ་བརྒྱ་བཅུ་མེད་དགུས་མཐོ་བ་ཡིན།
- language:
- Tibetan