- 'phags pa sangs rgyas
- ID:
- T237125
- འཕགས་པ་སངས་རྒྱས (Tibetan, Tibetan script, Original)
- > 'phags pa sangs rgyas (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpa sangye (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(སྐུ་ཕྲེང་གཉིས་པ་)འདི་ཉིད་ནི་སྐུ་གོང་མ་ཞིང་དུ་གཤེགས་ནས་ལོ་ངོ་ཉི་ཤུ་སོང་བ་རབ་བྱུང་དགུ་པའི་མེ་ཡོས་(༡༥༠༧)ལོར་ཡབ་རྣམ་འབྱོར་གྱི་དབང་ཕྱུག་སངས་རྒྱས་བཀྲ་ཤིས་དང་ཡུམ་ཆོས་ལྡན་སྒྲོལ་མ་གཉིས་ཀྱི་སྲས་སུ་ཆོས་ཁང་རྩ་ཞེས་པར་སྐུ་འཁྲུངས། དགུང་གྲངས་བཅུ་དགུ་བར་སུས་ཀྱང་བརྟག་དཔྱད་གདན་འདྲེན་ཞུ་མཁན་བྱུང་མེད་ཅིང། དེའི་ལོར་གཟིམ་ཁང་ནས་བྲོས་ཏེ་དེ་མོ་ལ་བརྒྱུད་དགའ་ལྡན་དུ་ཕེབས། སློབ་དཔོན་ནམ་མཁའ་དཔལ་གྱི་མཁན་པོ་དང་། དེ་མོ་སློབ་དཔོན་བསོད་ནམས་རྒྱལ་མཚན་གྱིས་ལས་སློབ། སློབ་དཔོན་ལྷ་དབང་དཔལ་འབྱོར་གྱི་གསང་དོན་མཛད་ནས་བསྙེན་པར་རྫོགས། དགུང་ལོ་ཉེར་གསུམ་ནས་ཁམས་ཕྱོགས་སྤོ་བོ་ཡེ་གང་དང་། ཆུ་མདོ་སུམ་རྫོང་། སྦུད་མདའ། ཚ་བའི་ཁུལ། ཉག་བྲེ་སོགས་སུ་ཕེབས་ཏེ་ཆོས་འཁོར་རྒྱ་ཆེར་བསྐོར། དེ་རྗེས་ལི་ཐང་ལ་ཕེབས་བཞུགས་སྐབས་འཇང་གི་དམག་གསང་ཐབས་ཀྱི་སླེབས་ནས་ལི་ཐང་གྲོང་བསྐོར་བས་གང་ཉིད་བར་འདུམ་དུ་བྱོན་ཏེ་མཐར་ས་དམ་རྒྱལ་པོས་དམག་མི་རྒྱག་རྒྱུའི་ཁས་ལེན་དམ་བཅའ་ཞུས། དེ་ནས་ཀོང་པོ་ཕྱོགས་སུ་བྱོན་རྩིས་སྐབས་བོད་ནས་ཆོས་རྗེ་ཁྲི་ཐོག་པ་ཆོས་སྐྱོང་རྒྱ་མཚོ་ལ་ཟུར་བཞུགས་པ་པན་ཆེན་བསོད་ནམས་གྲགས་པ། འབྲས་སྤུངས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་བཅས་ཀྱིས་འཇང་ཞབས་སུ་རྗེའི་བསྟན་པ་ལ་དགོངས་ནས་བཞུགས་དགོས་བཀའ་ཡིག་བསྩལ་དོན་ལྟར་ས་དམ་རྒྱལ་པོའི་ཕོ་བྲང་དུ་ཕེབས་ཏེ་ཟླ་གཅིག་ཙམ་རིང་རྒྱལ་པོ་འཇམ་དབྱངས་གྲགས་པའི་ཐུགས་བཞེས་ཡོངས་སུ་གང་བའི་བཀའ་ཆོས་ཉིན་མཚན་སྦྲེལ་ནས་གནང་བར་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། དགུང་ལོ་དྲུག་ཅུ་བཞེས་པ་རབ་བྱུང་དགུ་པའི་མེ་ཕོ་སྟག་(༡༥༦༦)ལོའི་ཧོར་ཟླ་བཅུ་གཅིག་པར་ཕན་བདེར་སྐུ་གཤེགས། མཛད་རྣམ་ཅུང་ཞིབ་ཙམ་བོད་ལྗོངས་སྲིད་གྲོས་ཀྱིས་《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་》དགུ་པ་(སྤྱིའི་འདོན་ཐེངས་༡༨)ནང་གསལ་བ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
(སྐུ་ཕྲེང་གཉིས་པ།) འདི་ཉིད་ནི་སྐུ་གོང་མ་ཞིང་དུ་གཤེགས་ནས་ལོ་ངོ་ཉི་ཤུ་སོང་བ་རབ་བྱུང་དགུ་པའི་མེ་ཡོས (༡༥༠༧) ལོར་ཡབ་རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་བཀྲ་ཤིས་དང་ཡུམ་ཆོས་ལྡན་སྒྲོལ་མ་གཉིས་ཀྱི་སྲས་སུ་ཆོས་ཁང་རྩ་ཞེས་པར་སྐུ་འཁྲུངས། དགུང་གྲངས་བཅུ་དགུ་བར་སུས་ཀྱང་བརྟག་དཔྱད་གདན་འདྲེན་ཞུ་མཁན་བྱུང་མེད་ཅིང་། དེའི་ལོར་གཟིམ་ཁང་ནས་བྲོས་ཏེ་དེ་མོ་ལ་བརྒྱུད་དགའ་ལྡན་དུ་ཕེབས། སློབ་དཔོན་ནམ་མཁའ་དཔལ་གྱིས་མཁན་པོ་དང་། དེ་མོ་སློབ་དཔོན་བསོད་ནམས་རྒྱལ་མཚན་གྱིས་ལས་སློབ། སློབ་དཔོན་ལྷ་དབང་དཔལ་འབྱོར་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། དགུང་ལོ་ཉེར་གསུམ་ནས་ཁམས་ཕྱོགས་སུ་སྤོ་བོ་ཡེ་གང་དང་། ཆུ་མདོ་སུམ་རྫོང་། སྦུད་མདའ། ཚ་བའི་ཁུལ། ཉག་བྲེ་སོགས་སུ་ཕེབས་ཏེ་ཆོས་འཁོར་རྒྱ་ཆེར་བསྐོར། དེ་རྗེས་ལི་ཐང་ལ་ཕེབས་བཞུགས་སྐབས་འཇང་གི་དམག་གསང་ཐབས་ཀྱིས་སླེབས་ནས་ལི་ཐང་གྲོང་བསྐོར་བས་གང་ཉིད་བར་འདུམ་དུ་བྱོན་ཏེ་མཐར་ས་དམ་རྒྱལ་པོས་དམག་མི་རྒྱག་རྒྱུའི་ཁས་ལེན་དམ་བཅའ་ཞུས། དེ་ནས་ཀོང་པོ་ཕྱོགས་སུ་བྱོན་རྩིས་སྐབས་བོད་ནས་ཆོས་རྗེ་ཁྲི་ཐོག་པ་ཆོས་སྐྱོང་རྒྱ་མཚོ་ལ་ཟུར་བཞུགས་པ་པཎ་ཆེན་བསོད་ནམས་གྲགས་པ། འབྲས་སྤུངས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་བཅས་ཀྱིས་འཇང་ཞབས་སུ་རྗེའི་བསྟན་པ་ལ་དགོངས་ནས་བཞུགས་དགོས་བཀའ་ཡིག་བསྩལ་དོན་ལྟར་ས་དམ་རྒྱལ་པོའི་ཕོ་བྲང་དུ་ཕེབས་ཏེ་ཟླ་གཅིག་ཙམ་རིང་རྒྱལ་པོ་འཇམ་དབྱངས་གྲགས་པའི་ཐུགས་བཞེས་ཡོངས་སུ་གང་བའི་བཀའ་ཆོས་ཉིན་མཚན་སྦྲེལ་ནས་གནང་བར་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། དགུང་ལོ་དྲུག་ཅུ་བཞེས་པ་རབ་བྱུང་དགུ་པའི་མེ་ཕོ་སྟག (༡༥༦༦) ལོའི་ཧོར་ཟླ་བཅུ་གཅིག་པར་ཕན་བདེར་སྐུ་གཤེགས།
- language:
- Tibetan