Skip to main content Skip to search
'phags pa lha khang
ID:
T237126
  • འཕགས་པ་ལྷ་ཁང (Tibetan, Tibetan script, Original)
    • > 'phags pa lha khang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pakpa lhakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཕོ་བྲང་པོ་ཏ་ལའི་ལྷ་ཁང་ཞིག་སྟེ། དེའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་གར་དང་བལ་ཡུལ་གྱི་མཐའ་མཚམས་ནགས་ཁྲོད་ཅིག་ནས་གདན་དྲངས་པའི་རང་བྱུང་འཕགས་པ་མཆེད་བཞིའི་ནང་མཚན་འཕགས་པ་ལོ་ཀེ་ཤྭ་རའི་སྣང་བརྙན་བཞུགས་སའི་ལྷ་ཁང་ཡིན་པས་ན་འཕགས་པ་ལྷ་ཁང་དུ་བཏགས་པ་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་》ནང་འཁོད་པ་ལྟར་ན། འཕགས་པ་ལྷ་ཁང་དང་ཆོས་རྒྱལ་སྒྲུབ་ཕུག་གཉིས་གནའ་རབས་ཀྱི་ཤུལ་མ་ཉམས་པར་གནས་ཡོད་པ་བྱིན་རླབས་ཅན་ཡིན་པའི་དབང་གིས་བཤིག་མ་ནུས་པར་རང་འཇགས་བཞག་ཡོད་པར་བཤད། ལྷ་ཁང་འདིའི་དཀྱིལ་དུ་རྒྱལ་པོ་སྲོང་བཙན་སྒམ་པོས་བལ་ཡུལ་ནས་གདན་དྲངས་པའི་ཙན་དན་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་དང་། དེའི་གཡས་ངོས་སུ་མངའ་རིས་སྐྱིད་གྲོང་དུ་བཞུགས་པའི་འཕགས་པ་ལྦ་ཏིའི་འདྲ་ཅོག ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་པེ་ཅིང་དུ་ཕེབས་པའི་ལམ་བར་སོག་པོའི་ལྦང་ནས་ཕུལ་བའི་ཙནྡན་དམར་པོ་རྣམས་བོད་དུ་བསྣམས་ནས་གསར་དུ་བཞེངས་པའི་ཉེ་བའི་སྲས་ཆེན་བརྒྱད་སོགས་ལོ་རྒྱུས་རང་བཞིན་ལྡན་པའི་སྐུ་བརྙན་ཆེ་ཆུང་ཧ་ཅང་མང་པོ་བཞུགས་པ་ད་ལྟ་ཉམས་ཆག་མེད་པར་གནས་ཡོད།

language:
Tibetan

2. Thupten Phuntsok Dictionary

ཕོ་བྲང་པོ་ཏ་ལའི་ལྷ་ཁང་ཞིག་སྟེ། དེའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་གར་དང་བལ་ཡུལ་གྱི་མཐའ་མཚམས་ནགས་ཁྲོད་ཅིག་ནས་གདན་དྲངས་པའི་རང་བྱུང་འཕགས་པ་མཆེད་བཞིའི་ནང་ཚན་འཕགས་པ་ལོ་ཀེ་ཤྭ་རའི་སྣང་བརྙན་བཞུགས་སའི་ལྷ་ཁང་ཡིན་པས་ན་འཕགས་པ་ལྷ་ཁང་དུ་བཏགས་པ་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའིགསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ནང་འཁོད་པ་ལྟར་ན། འཕགས་པ་ལྷ་ཁང་ཆོས་རྒྱལ་སྒྲུབ་ཕུག་གཉིས་གནའ་རབས་ཀྱི་ཤུལ་མ་ཉམས་པར་གནས་ཡོད་པ་བྱིན་རླབས་ཅན་ཡིན་པའི་དབང་གིས་བཤིག་མ་ནུས་པར་རང་འཇགས་བཞག་ཡོད་པར་བཤད། ལྷ་ཁང་འདིའི་དཀྱིལ་དུ་རྒྱལ་པོ་སྲོང་བཙན་སྒམ་པོས་བལ་ཡུལ་ནས་གདན་དྲངས་པའི་ཙན་དན་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་དང་། དེའི་གཡས་ངོས་སུ་མངའ་རིས་སྐྱིད་གྲོང་དུ་བཞུགས་པའི་འཕགས་པ་ཝ་ཏིའི་འདྲ་ཅོག ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་པེ་ཅིན་དུ་ཕེབས་པའི་ལམ་བར་སོག་པོའི་ཝང་ནས་ཕུལ་བའི་ཙནྡན་དམར་པོ་རྣམས་བོད་དུ་བསྣམས་ནས་གསར་དུ་བཞེངས་པའི་ཉེ་བའི་སྲས་ཆེན་བརྒྱད་སོགས་ལོ་རྒྱུས་རང་བཞིན་ལྡན་པའི་སྐུ་བརྙན་ཆེ་ཆུང་ཧ་ཅང་མང་པོ་བཞུགས་པ་ད་ལྟ་ཉམས་ཆགས་མེད་པར་གནས་ཡོད། །

language:
Tibetan