Skip to main content Skip to search
'phags pa lha mkhas grub ngag dbang blo bzang 'jigs med bstan pa'i rgyal mtshan
ID:
T237127
  • འཕགས་པ་ལྷ་མཁས་གྲུབ་ངག་དབང་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
    • > 'phags pa lha mkhas grub ngag dbang blo bzang 'jigs med bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pakpa lha khedrub ngawang lo zang jikme tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(སྐུ་ཕྲེང་དགུ་པ་)རབ་བྱུང་བཅུ་བཞི་པའི་ས་བྱ་(༡༨༤༩)ལོར་ལི་ཐང་དུ་འཁྲུངས། ཆུ་བྱའི་ཟླ༦ཚེས་༡༢ཉིན་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་ལ་སྙན་ཞུས་དང་འབྲེལ་སྲིད་སྐྱོང་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་སོགས་ནས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔ་དང་། པོ་ཏ་ལར་གོང་མའི་འདྲ་ཐང་མདུན་གསེར་བུམ་དཀྲུགས་ཏེ་ཐོན་པས་གོང་མར་གསེར་སྙན་སྒྲོན་པ་དང་འབྲེལ་མེ་འབྲུག(༡༨༥༦)ལོའི་ཟླ་༩ཚེས༢༢ལ་གདན་སར་འཁོད། སྐུ་ཕྲེང་འདི་ཉིད་ནས་བྲག་གཡབ་ཡུལ་བདེ་ཞོད་འཇགས་ཡོང་བའི་ལས་དོན་ལ་སྐུ་ན་ཕྲ་ཡང་རང་འོག་མི་རིགས་ལ་བཀོད་པ་བཏང་སྟེ་ཞབས་འདེབས་བཤད་མོ་ཕུལ་བའི་གཟིགས་བཟོས་སུ་གོང་མ་ཆེན་པོའི་ལུང་མོང་གོལ་སྦྱོར་ཁང་བརྒྱུད་བོད་སྡོད་ཨམ་བན་ནས་མན་ཇུའི་ཡི་གེའི་ཐོག་བཀའ་བསྒྱུར་བྱས་པའི་ནང་གསལ་མི་དབྱོན་ཆན་ཞི་ཞེས་པའི་ཆོ་ལོ་བསྩལ། ཡང་ཐུང་ཀྲི་ཁྲི་བཞུགས་དྲུག་པ་ཟླ་གཉིས་པའི་ཚེས་གཉིས་ལ་བསྟན་དགྲ་ཉག་རོང་མཐར་སྐྲོད་གནང་སྐབས་ཆབ་མདོ་ནས་དམག་དང་ཕོགས་ཀྱི་ཞབས་འདེགས་བྱུང་བའི་གཟིགས་བཟོས་སུ་ཇིན་ཡོན་ཆན་ཞིའི་མཚན་དང་བསྟོད་བསྔགས་ཡིག་རིགས་ཤན་སྦྱར་གྱི་བན་སོགས་བསྩལ། ཐུང་ཀྲི་ཁྲི་བཞུགས་དྲུག་པར་གོང་མ་ཆེན་པོ་ནས་འཕགས་པ་ལྷས་མཁར་སྲུང་དཔོན་དམག་གི་ཕོགས་ཐོབ་ཁོངས་སུ་ཞལ་་འདེབས་སྤམ་མི་དམའ་ཙམ་དད་འབུལ་ཞུས་པ་སོགས་ཀྱི་སྐོར་ལ་གཟིགས་བཟོས་སུ་ཧོ་ཐོག་ཁེ་ཐུའི་གསེར་ཡིག་དང་ཞྭ་སེར་བསྟན་པ་ཆེས་ཆེར་གསལ་བར་མཛད་པའི་ཨེར་ཏི་ནི་ཧོ་ཐོག་ཐུའི་ཐམ་ག་ཞེས་པའི་དངུལ་ཐམ་བཅས་འཚམས་ཞུ་ཞབས་བརྟན་སྦ་ཡེར་འབུལ་མི་མཁན་པོ་འཕགས་པ་ཤེས་རབ་བརྒྱུད་དེ་བསྩལ། དགུང་གྲངས་ང་གཉིས་བཞེས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་(༡༩༠༠)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

(སྐུ་ཕྲེང་དགུ་པ) རབ་བྱུང་བཅུ་བཞི་པའི་ས་བྱ (༡༨༤༩) ལོར་ལི་ཐང་དུ་འཁྲུངས། ཆུ་བྱའི་ཟླ༦ཚེས༡༢ཉིན་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་ལ་སྙན་ཞུས་དང་འབྲེལ་སྲིད་སྐྱོང་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་སོགས་ནས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔ་དང་། པོ་ཏ་ལར་གོང་མའི་འདྲ་ཐང་མདུན་གསེར་བུམ་དཀྲུགས་ཏེ་ཐོན་པས་གོང་མར་གསེར་སྙན་སྒྲོན་པ་དང་འབྲེལ་མེ་འབྲུག (༡༨༥༦) ལོའི་ཟླ༩ཚེས༢༢ལ་གདན་སར་འཁོད། སྐུ་ཕྲེང་འདི་ཉིད་ནས་བྲག་གཡབ་ཡུལ་བདེ་ཞོད་འཇགས་ཡོང་བའི་ལས་དོན་ལ་སྐུ་ན་ཕྲ་ཡང་རང་འོག་མི་རིགས་ལ་བཀོད་པ་བཏང་སྟེ་ཞབས་འདེགས་བཤད་མོ་ཕུལ་བའི་གཟིགས་བཟོས་སུ་གོང་མ་ཆེན་པོའི་ལུང་མོང་གོལ་སྦྱོར་ཁང་བརྒྱུད་བོད་སྡོད་ཨམ་བན་ནས་མན་ཇུའི་ཡི་གེའི་ཐོག་བཀའ་བསྒྱུར་བྱས་པའི་ནང་གསལ་མི་དབྱོན་ཆན་ཞི་ཞེས་པའི་ཆོ་ལོ་བསྩལ། དགུང་གྲངས་ང་གཉིས་བཞེས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི (༡༩༠༠) ལོར་སྐུ་གཤེགས།

language:
Tibetan