- 'phags pa lha rgyal ba rgya mtsho
- ID:
- T237128
- འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ (Tibetan, Tibetan script, Original)
- > 'phags pa lha rgyal ba rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpa lha gyalwa gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(སྐུ་ཕྲེང་ལྔ་པ་)རྗེ་འདི་ཉིད་རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ་(༡༦༤༤)ལོར་རྫ་རྒྱུད་གནས་ཆེན་གོ་ཕོ་ཁྱུང་ཕྱུག་གམ་འདབ་ཆགས་འདུ་ཞེས་བྱ་བའི་གྲོང་དུ་སྐུ་བལྟམས། པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་འཕགས་པ་ལྷའི་སྐུའི་སྒྱེར་ངོས་འཛིན་གནང་ཞིང་མཚན་རྒྱལ་བ་རྒྱ་མཚོར་གསོལ།ཟབ་ཆོས་མང་དུ་བསྩལ། དགུང་ལོ་བརྒྱད་པའི་ཐོག་དཔལ་ལྡན་འབྲས་སྤུངས་དགོན་དུ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ། མཚན་བློ་བཟང་འཕགས་པ་བསོད་ནམས་ལྷུན་གྲུབ་བདེ་ལེགས་དཔལ་བཟང་པོར་བསྩལ། དགུང་ལོ་དགུ་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་(༡༦༥༢)ལོར་ཆབ་མདོའི་ཁྲིར་ཕེབས། དགུང་ལོ་ཉེར་གཅིག་ལ་ཕེབས་པ་ཤིང་འབྲུག་(༡༦༦༤)ལོར་རྒྱལ་དབང་ལྔ་པ་ཆེན་པོ་དང་པཎ་ཆེན་བརྒྱུད་དེ་སྡོམ་པའི་ཆུ་བོ་རྣམ་པ་གཉིས་ཀའི་སྒོ་ནས་བསྙེན་པར་རྫོགས། མེ་ལུག་(༡༦༦༧)ལོར་སླར་ཡང་དབུས་སུ་ཕེབས་ནས་རྒྱལ་དབང་མཆོག་ལས་ཟབ་ཆོས་དུ་མ་གསན། ས་བྱ་(༡༦༦༩)ལོར་ལྕགས་རིའི་དངུལ་གདུང་ཆེན་མོ་ལེགས་པར་གྲུབ། ས་ལུག་(༡༦༧༩)ལོར་དབུས་སུ་བྱོན་ནས་གོང་ས་ཆེན་པོ་དང་མཇལ་འཛོམས་ཀྱིས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་མཛད། དགུང་གྲངས་བདུན་ཅུར་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་(༡༧༡༣)ལོར་དགོངས་པ་ཞི་བའི་དབྱིངས་སུ་ཐིམ།
- language:
- Tibetan
2. Thupten Phuntsok Dictionary
(སྐུ་ཕྲེང་ལྔ་པ) རྗེ་འདི་ཉིད་རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ (༡༦༤༤) ལོར་རྩ་རྒྱུད་གནས་ཆེན་གོ་ཕོ་ཁྱུང་ཕྱུག་གམ་འདབ་ཆགས་འདུ་ཞེས་བྱ་བའི་གྲོང་དུ་སྐུ་བལྟམས། པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་འཕགས་པ་ལྷའི་སྐུ་སྐྱེར་ངོས་འཛིན་གནང་ཞིང་མཚན་རྒྱལ་བ་རྒྱ་མཚོར་གསོལ། ཟབ་ཆོས་མང་དུ་བསྩལ། དགུང་ལོ་བརྒྱད་པའི་ཐོག་དཔལ་ལྡན་འབྲས་སྤུངས་དགོན་དུ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ། མཚན་བློ་བཟང་འཕགས་པ་བསོད་ནམས་ལྷུན་གྲུབ་བདེ་ལེགས་དཔལ་བཟང་པོར་བསྩལ། དགུང་ལོ་དགུ་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག (༡༦༥༢) ལོར་ཆབ་མདོའི་ཁྲིར་ཕེབས། དགུང་ལོ་ཉེར་གཅིག་ལ་ཕེབས་པ་ཤིང་འབྲུག (༡༦༦༤) ལོར་རྒྱལ་དབང་ལྔ་པ་ཆེན་པོས་བླ་ཆེན་པོ་དང་པཎ་ཆེན་བརྒྱུད་དེ་སྡོམ་པའི་ཆུ་བོ་རྣམ་པ་གཉིས་ཀའི་སྒོ་ནས་བསྙེན་པར་རྫོགས། མེ་ལུག (༡༦༦༧) ལོར་སླར་ཡང་དབུས་སུ་ཕེབས་ནས་རྒྱལ་དབང་མཆོག་ལས་ཟབ་ཆོས་དུ་མ་གསན། ས་བྱ (༡༦༦༩) ལོར་ལྕགས་རིའི་དངུལ་གདུང་ཆེན་མོ་ལེགས་པར་གྲུབ། ས་ལུག (༡༦༧༩) ལོར་དབུས་སུ་བྱོན་ནས་གོང་ས་ཆེན་པོ་དང་མཇལ་འཛོམས་ཀྱིས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་མཛད། དགུང་གྲངས་བདུན་ཅུར་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ (༡༧༡༣) ལོར་དགོངས་པ་ཞི་བའི་དབྱིངས་སུ་ཐིམ།
- language:
- Tibetan