Skip to main content Skip to search
'phags pa lha chos kyi rgyal po
ID:
T237129
  • འཕགས་པ་ལྷ་ཆོས་ཀྱི་རྒྱལ་པོ (Tibetan, Tibetan script, Original)
    • > 'phags pa lha chos kyi rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pakpa lha chö kyi gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(སྐུ་ཕྲེང་བཞི་པ་)རྗེ་འདི་ནི་རབ་བྱུང་བཅུ་པའི་ཤིང་སྦྲུལ་(༡༦༠༥)ལོར་ལོང་པོ་སྟོད་དུ་སྐུ་འཁྲུངས། འཕགས་པ་ལྷ་མཐོང་བ་དོན་ལྡན་གྱི་ཡང་སྲིད་དུ་ངོས་བཟུང་། རྒྱལ་དབང་ཡོན་ཏན་རྒྱ་མཚོ་ལ་གཙུག་ཕུད་ཕུལ་ཞིང་། འཕགས་པ་ལྷ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཆོས་ཀྱི་རྒྱལ་པོའི་སྡེ་ཞེས་མཚན་གསོལ། སྐྱབས་མགོན་རྒྱལ་བའི་དབང་པོ་པད་དཀར་འཆང་བ་བློ་བཟང་རྒྱ་མཚོ་དང་འཇལ་ཞིང་གསུང་གི་བདུད་རྩི་ངོམ་མེད་མྱངས། དེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས་ཤིང་དམ་པའི་ཆོས་ཀྱི་ཟབ་ཆོས་ཇི་སྙེད་གསན། དགུང་ལོ་བཅུ་དྲུག་ལ་ཕེབས་པ་ལྕགས་སྤྲེལ་(༡༦༢༠)ལོར་ཆབ་མདོའི་གདན་ཁྲིར་ཕེབས། བསྟན་འཛིན་ཆོས་ཀྱི་རྒྱལ་ པོས་ཀྱང་གོང་དུ་བཀུར་ཞིང་འཕྲིན་ལས་ཆེ་བའི་མུས་དགུང་གྲངས་སུམ་ཅུ་སོ་དགུ་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པ་ཆུ་ལུག་(༡༦༤༣)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

(སྐུ་ཕྲེང་བཞི་པ) རྗེ་འདི་ནི་རབ་བྱུང་བཅུ་པའི་ཤིང་སྦྲུལ (༡༦༠༥) ལོར་ལོང་པོ་སྟོད་དུ་སྐུ་འཁྲུངས། འཕགས་པ་ལྷ་མཐོང་བ་དོན་ལྡན་གྱི་ཡང་སྲིད་དུ་ངོས་བཟུང་། རྒྱལ་དབང་ཡོན་ཏན་རྒྱ་མཚོ་ལ་གཙུག་ཕུད་ཕུལ་ཞིང་། འཕགས་པ་ལྷ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཆོས་ཀྱི་རྒྱལ་པོའི་སྡེ་ཞེས་མཚན་གསོལ། སྐྱབས་མགོན་རྒྱལ་བའི་དབང་པོ་པད་དཀར་འཆང་བ་བློ་བཟང་རྒྱ་མཚོ་དང་མཇལ་ཞིང་གསུང་གི་བདུད་རྩི་ངོམ་མེད་མྱངས། དེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས་ཤིང་དམ་པའི་ཆོས་ཀྱི་ཟབ་ཆོས་ཇི་སྙེད་གསན། དགུང་ལོ་བཅུ་དྲུག་ལ་ཕེབས་པ་ལྕགས་སྤྲེལ (༡༦༢༠) ལོར་ཆབ་མདོའི་གདན་ཁྲིར་ཕེབས། བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཀྱང་གོང་དུ་བཀུར་ཞིང་འཕྲིན་ལས་ཆེ་བའི་མུས་དགུང་གྲངས་སུམ་ཅུ་སོ་དགུ་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པ་ཆུ་ལུག (༡༦༤༣) ལོར་སྐུ་གཤེགས།

language:
Tibetan