Skip to main content Skip to search
'phags pa lha 'jigs med bstan pa'i mgon po
ID:
T237130
  • འཕགས་པ་ལྷ་འཇིགས་མེད་བསྟན་པའི་མགོན་པོ (Tibetan, Tibetan script, Original)
    • > 'phags pa lha 'jigs med bstan pa'i mgon po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pakpa lha jikme tenpé gönpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(སྐུ་ཕྲེང་བདུན་པ) མདོ་སྨད་སྤོ་འབོར་སྒང་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་ཞོལ་དུ་ཡབ་ཨ་བརྟན་མགོན་པོ་དང་ཡུམ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡུམ་གྱི་སྐུ་མཆེད་སྡེ་པ་ཨ་འབུམ་གྱི་སྲས་མོ་སྒྲོལ་མ་འཕེལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་ཕག (༡༧༥༥) ལོར་སྐུ་བལྟམས། དགུང་གྲངས་བདུན་དུ་བཞེས་པ་ལྕགས་སྦྲུལ (༡༧༦༡) ལོར་དབུས་སུ་ཆིབས་སྒྱུར་བསྐྱངས་ཏེ་པཎ་ཆེན་དཔལ་ལྡན་ཡེ་ཤེས་འཇིགས་མེད་དཔལ་ལྡན་བསྟན་པའི་མགོན་པོ་ཞེས་གསོལ། སླར་ཆབ་མདོར་ཕྱིར་ཕེབས་ཀྱིས་ཆོས་སྤྱོད་དང་ཡིག་ཀློག་སོགས་གསན་སྦྱོང་གནང་། དགུང་གྲངས་བཅུ་བདུན་བཞེས་པ་ལྕགས་ཡོས (༡༧༧༡) ལོར་དབུས་སུ་བྱོན་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་ལོ་ལྔའི་རིང་དབུ་ཕར་སོགས་མཚན་ཉིད་གསན་སྦྱོང་གནང་། པཎ་ཆེན་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་བཞེས། དགུང་གྲངས་ཉེར་གཅིག་བཞེས་པ་ཤིང་ལུག་ (༡༧༧༥) ལོར་ཆབ་མདོ་དགོན་དུ་ཕྱིར་ཕེབས་མཛད་ཁར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་དང་དེ་མོ་མོད་ཡོན་ནས་གཟེངས་བསྟོད་རྒྱ་ཆེར་མཛད། མེ་སྤྲེལ (༡༧༧༦) ལོ་བླ་བྲང་གི་ཕོ་བྲང་རྙིང་པ་བཤིགས་ནས་གསར་སྐྲུན་གྱི་དབུ་འཛུགས་བསྐྱངས་ཏེ་ས་ཕག (༡༧༧༩) ལོར་རྟེན་དང་བརྟེན་པའི་ཚོན་རྩི་ལྡེབས་རིས་དང་བཅས་ལེགས་གྲུབ་བྱུང་། རྒྱ་དཔོན་ཀྲུང་ཐང་བལ་བོད་འཁྲུག་རྩོད་སྐོར་གྱི་དོན་གཅོད་དུ་ཡོང་ནས་པེ་ཅིན་དུ་ཕྱིར་ལོག་སྐབས་ཆབ་མདོར་འབྱོར་བས་འཕགས་པ་ལྷ་སྐུ་འཁོར་ནས་སྣེ་ལེན་ཕེབས་རྫོང་གཟབ་རྒྱས་གནང་། དགུང་གྲངས་བཞི་བཅུར་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག (༡༧༩༤) ལོའི་ཧོར་ཟླ་དྲུག་པའི་ཚེས་བཅུ་ཉིན་གྱི་ཕྱིའི་དྲོ་སྐུ་རླུང་འཕར་ལྡང་ཆེ་བའི་ཚུལ་བཞེས་ཀྱིས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའོ། །

language:
Tibetan