Skip to main content Skip to search
'phags pa lha 'jigs med bstan pa'i rgya mtsho
ID:
T237131
  • འཕགས་པ་ལྷ་འཇིགས་མེད་བསྟན་པའི་རྒྱ་མཚོ (Tibetan, Tibetan script, Original)
    • > 'phags pa lha 'jigs med bstan pa'i rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pakpa lha jikme tenpé gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(སྐུ་ཕྲེང་དྲུག་པ་)ཆབ་མདོ་རྫ་རྒྱུད་གནས་ཆེན་གོ་བོ་ཕུག་གི་ལྷ་ཞོལ་སྤུ་ཐོག་ཅེས་པར་ཡབ་ལྷ་རྗེ་ཚེ་དབང་ནོར་བུ་དང་ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་༡༧༢༤ལོའི་ཧོར་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་སྐུ་འཁྲུངས། པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་ནས་འཕགས་པ་ཡེ་ཤེས་བསྟན་པའི་མགོན་པོ་ཞེས་པའི་མཚན་དང་མཚན་སྤེལ་གྱི་བརྟན་བཞུགས་གསོལ་འདེབས་རྒྱས་པར་བསྩལ། དགུང་ལོ་དགུ་པ་ཆུ་ཡོས་(༡༧༢༣)ལོར་དབུས་སུ་ཕེབས་ཏེ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་ལ་གཙུག་ཕུད་ཕུལ། མཚན་འཕགས་པ་འཇིགས་མེད་བསྟན་པའི་རྒྱ་མཚོ་ཞེས་བསྩལ། པན་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་བསླབ་པ་རྫོགས་པརབཞེས། ཞོགས་དོན་ཡོད་མཁས་གྲུབ་ཀྱི་དྲུང་ནས་ལམ་གྱི་གཙོ་བོ་རྣམ་གསུམ་སོགས་གསན་ཞིང་། དཀའ་གནད་ཀྱི་དོགས་གཅོད་རྣམས་གནང་། རབ་བྱུང་བཅུ་གཉིས་པའི་ས་ཕག་(༡༧༡༩)ལོར་གོང་མས་བོད་དུ་གངས་ཏི་སིར་ཐིག་ཕྱིན་ཚད་ལེན་པར་མངགས་པའི་དཔོན་དམག་རྣམས་ལ་ཆབ་མདོ་ནས་ས་ཚུགས་ཀྱི་ཞབས་ཞུའི་བྱེད་སྒོ་གང་ལེགས་ཞུས་པ་དང་གོང་མའི་ཞབས་བརྟན་དང་བསྟན་འགྲོའི་ཕན་བདེ་སྤེལ་བའི་བྱ་བ་རླབས་པོ་ཆེ་སྒྲུབ་པར་བརྟེན་གོང་མས་ཨེར་ཏི་ནི་མོན་ཧན་གྱི་མཚན་གནས་ཐམ་ཀ་གསེར་ཡིག་བཅས་བསྩལ། སྐུ་ཕྲེང་འདི་ནས་རྒྱ་ནག་ཏུ་གོང་མར་འཚམས་ཞུའི་སྦ་ཡེར་འབུལ་མི་མངགས་སྲོལ་ཐོག་མ་བྱུང་། དགུང་གྲངས་ཞེ་གཅིག་ཏུ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་(༡༧༥༤)ལོར་ཞིང་དུ་གཤེགས་སོ། །

language:
Tibetan

2. Thupten Phuntsok Dictionary

(སྐུ་ཕྲེང་དྲུག་པ) ཆབ་མདོ་རྫ་རྒྱུད་གནས་ཆེན་གོ་བོ་ཕུག་གི་ལྷ་ཞོལ་སྤུ་ཐོག་ཅེས་པར་ཡབ་ལྷ་རྗེ་ཚེ་དབང་ནོར་བུ་དང་། ཡུམ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ (༡༧༡༤) ལོའི་ཧོར་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་སྐུ་འཁྲུངས། པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་ནས་འཕགས་པ་ཡེ་ཤེས་བསྟན་པའི་མགོན་པོ་ཞེས་པའི་མཚན་དང་མཚན་སྤེལ་གྱི་བརྟན་བཞུགས་གསོལ་འདེབས་རྒྱས་པར་བསྩལ། དགུང་ལོ་དགུ་པ་ཆུ་ཡོས (༡༧༢༣) ལོར་དབུས་སུ་ཕེབས་ཏེ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་ལ་གཙུག་ཕུད་ཕུལ། མཚན་འཕགས་པ་འཇིགས་མེད་བསྟན་པའི་རྒྱ་མཚོ་ཞེས་བསྩལ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་བསླབ་པ་རྫོགས་པར་བཞེས། ཞོགས་དོན་ཡོད་མཁས་གྲུབ་ཀྱི་དྲུང་ནས་ལམ་གྱི་གཙོ་བོ་རྣམ་གསུམ་སོགས་གསན་ཞིང་། དཀའ་གནད་ཀྱི་དོགས་གཅོད་རྣམས་གནང་། རབ་བྱུང་བཅུ་གཉིས་པའི་ས་ཕག (༡༧༡༩) ལོར་གོང་མས་བོད་དུ་གངས་ཏི་སེར་ཐིག་ཕྱིན་ཚད་ལེན་པར་མངགས་པའི་དཔོན་དམག་རྣམས་ལ་ཆབ་མདོ་ནས་ས་ཚུགས་ཀྱི་ཞབས་ཞུའི་བྱེད་སྒོ་གང་ལེགས་ཞུས་པ་དང་གོང་མའི་ཞབས་བརྟན་དང་བསྟན་འགྲོའི་ཕན་བདེ་སྤེལ་བའི་བྱ་བ་རླབས་པོ་ཆེ་སྒྲུབ་པར་བརྟེན་གོང་མས་ཨེར་ཏི་ནི་ནོ་མོན་ཧན་གྱི་མཚན་གནས་ཐམ་ཀ་གསེར་ཡིག་བཅས་བསྩལ། སྐུ་ཕྲེང་འདི་ནས་རྒྱ་ནག་ཏུ་གོང་མར་འཚམས་ཞུའི་སྦ་ཡེར་འབུལ་མི་མངགས་སྲོལ་ཐོག་མ་བྱུང་། དགུང་གྲངས་ཞེ་གཅིག་ཏུ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི (༡༧༥༤) ལོར་ཞིང་དུ་གཤེགས་སོ། །

language:
Tibetan