- 'phags pa lha mthong ba don ldan
- ID:
- T237132
- འཕགས་པ་ལྷ་མཐོང་བ་དོན་ལྡན (Tibetan, Tibetan script, Original)
- > 'phags pa lha mthong ba don ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakpa lha tongwa dönden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(སྐུ་ཕྲེང་གསུམ་པ་)རྗེ་འདི་ནི་འཕགས་པ་སངས་རྒྱས་ཀྱི་སྐུ་སྐྱེར་གྲགས་ཤིང་། རབ་བྱུང་བཅུ་པའི་མེ་ཡོས་(༡༥༦༧)ལོར་ལོང་པོ་སྟོད་དུ་སྐུ་བལྟམས། ངག་དབང་ཤཱཀྱ་རྒྱལ་མཚན་པ་ལས་རབ་ཏུ་བྱུང་། མཚན་འཕགས་པ་བསོད་ནམས་རྣམ་པར་རྒྱལ་བ་དབང་པོའི་སྡེར་གསོལ། མེ་གླང་(༡༥༧༧)ལོར་ཆབ་མདོར་ཕེབས། མེ་ཁྱི་(༡༥༨༦)ལོར་འཇང་ས་དམ་གྱི་ཡུལ་དུ་ཕེབས། རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ལས་བསྙེན་པར་རྫོགས། ཤིང་རྟ་(༡༥༩༤)ལོར་ཆབ་མདོ་བྱམས་པ་གླིང་གི་མཁན་པོ་མཛད། དཔོན་མགོན་པོ་བསོད་ནམས་ཀྱིས་སྦྱིན་བདག་བྱས་ཏེ་འཕགས་པ་ལྷས་སྤོམ་མདའ་གསང་སྔགས་བདེ་ཕྱག་བཏབ། ཚ་བ་གངས་དཀར་བདེ་ཆེན་དགོན་ཞེས་འདོགས་པར་མཛད། དགུང་ལོ་སོ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་པའི་ཤིང་འབྲུག་(༡༦༠༤)ལོར་ཞི་བར་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
(སྐུ་ཕྲེང་གསུམ་པ) རྗེ་འདི་ནི་འཕགས་པ་སངས་རྒྱས་ཀྱི་སྐུ་སྐྱེར་གྲགས་ཤིང་། རབ་བྱུང་བཅུ་པའི་མེ་ཡོས་ (༡༥༦༧) ལོར་ལོང་པོ་སྟོད་དུ་སྐུ་བལྟམས། ངག་དབང་ཤཱཀྱ་རྒྱལ་མཚན་པ་ལས་རབ་ཏུ་བྱུང་། མཚན་འཕགས་པ་བསོད་ནམས་རྣམ་པར་རྒྱལ་བ་དབང་པོའི་སྡེར་གསོལ། མེ་གླང་ (༡༥༧༧) ལོར་ཆབ་མདོར་ཕེབས། མེ་ཁྱི (༡༥༨༦) ལོར་འཇང་ས་དམ་གྱི་ཡུལ་དུ་ཕེབས། རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ལས་བསྙེན་པར་རྫོགས། ཤིང་རྟ (༡༥༩༤) ལོར་ཆབ་མདོ་བྱམས་པ་གླིང་གི་མཁན་པོ་མཛད། དཔོན་མགོན་པོ་བསོད་ནམས་ཀྱིས་སྦྱིན་བདག་བྱས་ཏེ་འཕགས་པ་ལྷས་སྤོམ་མདའ་གསང་སྔགས་བདེ་ཆེན་དགོན་ཕྱག་བཏབ། ཚ་བ་གངས་དཀར་བདེ་ཆེན་དགོན་ཞེས་འདོགས་པར་མཛད། དགུང་ལོ་སོ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་པའི་ཤིང་འབྲུག (༡༦༠༤) ལོར་ཞི་བར་གཤེགས།
- language:
- Tibetan