Skip to main content Skip to search
'phags pa'i lam yang dag pa brgyad
ID:
T237138
  • འཕགས་པའི་ལམ་ཡང་དག་པ་བརྒྱད (Tibetan, Tibetan script, Original)
    • > 'phags pa'i lam yang dag pa brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pakpé lam yangdakpa gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཡང་དག་པའི་ལྟ་བ། ཡང་དག་པའི་རྟོགས་པ། ཡང་དག་པའི་ངག་ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་རྣམས་སོ། ། ཡང་དག་པའི་ལྟ་བ་ནི། ས་གཉིས་པ་ཡན་ཆད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། དེ་ཆོས་ཀྱི་དབྱིངས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འདི་ལྟར་མཐོང་ངོ་སྙམ་དུ་དམིགས་ཤིང་གཅོད་པས་ན་ཡོངས་སུ་གཅོད་པའི་ཡན་ལག་གོ། ཡང་དག་པའི་རྟོག་པ་ནི། ཆོས་རྣམས་ཀྱི་སྤྱི་དང་རང་གི་མཚན་ཉིད་མ་ནོར་བར་བརྟགས་ཏེ། ཇི་ལྟར་རྟོགས་པ་དེ་བཞིན་ཏུ་ཡང་དག་པའི་ངག་གི་གཞན་ལ་ཆོས་སྟོན་ཅིང་འཆད་པས་ན་རྟོག་པ་དང་ངག་གཉིས་ནི་གཞན་ལ་གོ་བར་བྱེད་པའི་ཡན་ལག་གོ ཡང་དག་པའི་ངག་ནི། རྒོལ་བ་དང་ཐེ་ཚོམ་འདྲི་བའི་ལན་མ་ནོར་བར་འབྲེལ་བའི་གཏམ་སྨྲ་བ་ན་དེ་ནི་ཤེས་རབ་རྣམ་པར་དག་པ་ཡིན་ནོ་ཞེས་ཡིད་ཆེས་པར་བྱེད་དོ། ཡང་དག་པའི་ལས་ཀྱི་མཐའ་ནི། སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་རྣམས་ཅུང་ཟད་ཀྱང་མི་བྱེད་པར་སྤངས་པའི་འདི་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ་ཞེས་ཡིད་ཆེས་པར་བྱེད་དོ། ཡང་དག་པའི་འཚོ་བ་ནི། ཡོ་བྱད་བསྙུངས་ནས་ཟང་ཟིང་མང་པོ་ལ་མཐོང་ཐོས་མི་བསྐྱེད་མི་གསོག་སྟེ། རང་གི་ལུས་དགེ་བ་སྤྱོད་ནུས་ཙམ་གྱི་ཡོ་བྱད་ཉི་ཚེ་ཙམ་ཞིག་ཚོལ་བས་ན་འདི་ནི་ཚོད་ཟིན་པར་འཚོ་ཞིང་ཡོ་བྱད་བསྙུངས་པ་ཡིན་ནོ་ཞེས་ཡིད་ཆེས་པར་བྱེད་དོ། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི་སྐྱོན་མེད་པར་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ། ཡང་དག་པའི་རྩོལ་བ་ནི། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པའི་བག་ལ་ཉལ་སྤང་ཞིང་ཡང་དག་པའི་དྲན་པས་ནི་ཉེ་བའི་ཉོན་མོངས་པ་ཞུམ་རྒོད་བྱུང་ན་རྩེ་གཅིག་ཏུ་གློན་ཞིང་གཟེངས་བསྟོད་དེ་ སྤང་ལ།ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་མངོན་པར་ཤེས་པ་དྲུག་མི་ཐོབ་པའི་སྒྲིབ་པ་སྤངས་ཏེ།མངོན་པར་ཤེས་པ་ཐོབ་པར་བྱེད་པས་ན་ཡང་དག་པའི་རྕོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་གསུམ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཞེས་བྱ་སྟེ།ཚིགས་སུ་བཅད་པ་དང་རིམ་པ་བཞིན་དུ་སྦྱར་རོ།ཞེས་གསུངས་སོ།འདི་ལ་འཕགས་ལམ་ཡན་ལག་བརྒྱད་ཟེར།འདི་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་དུའང་གཏོགས་སོ། །

language:
Tibetan

2. Thupten Phuntsok Dictionary

ཡང་དག་པའི་ལྟ་བ། ཡང་དག་པའི་རྟོགས་པ། ཡང་དག་པའི་ངག ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་རྣམས་སོ། །

language:
Tibetan