Skip to main content Skip to search
'phrul snang gi gan+d+ho la
ID:
T237270
  • འཕྲུལ་སྣང་གི་གནྡྷོ་ལ (Tibetan, Tibetan script, Original)
    • > 'phrul snang gi gan+d+ho la (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trul nang gi gandho(?) la (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ལྷ་ས་གཙུག་ལག་ཁང་ལ་བསྟོད་སྔགས་བྱས་པའི་མིང་སྟེ། སྔར་བལ་བཟའ་ཁྲི་བཙུན་གྱིས་གཙུག་ལག་ཁང་འདི་བཞེངས་སྐབས་མཐིལ་ཞལ་རྣམས་མེ་ལོང་ཕྱིས་པ་ལྟར་དྭངས་ཤིང་དེའི་ངོས་སུ་སྟེང་གི་ལོགས་བྲིས་དང་འབུར་བརྐོས་སོགས་ཀྱི་གཟུགས། བརྙན་གསལ་བར་སྣང་བ་དེ་རྒྱལ་པོ་སྲོང་བཙན་སྒམ་པོར་གཟིགས་སུ་ཕུལ་བར་རྒྱལ་པོས་ཁྱེད་ཀྱིས་བཞེངས་པའི་ལྷ་ཁང་འདི་འཕྲུལ་སྣང་ངོ་ཞེས་གསུངས་པ་ལ་བརྟེན་ནས་འཕྲུལ་སྣང་དུ་ཐོགས་པ་དང་།གནྡྷོ་ལ་ཞེས་པའི་རྒྱ་གར་གྱི་སྐད་དེ་བོད་སྐད་དུ་འགྱུར་ན་དྲི་གཙང་ཁང་ཞེས་དབུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དང་གསུང་རྟེན་བཞུགས་པའི་ལྷ་ཁང་དང་དེའི་མཐའ་བསྐོར་དུ་ཁྱམས་ཡོད་པ་ཞིག་ལ་ཟེར།དེ་དག་སྐོར་ཞིབ་ལྷ་ས་གཙུག་ལག་ཁང་འདིའི་ལོ་རྒྱུས་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་《ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་》དང་། ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་མཛད་པའི་《ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ལ་ཉམས་གསོས་བགྱིས་པའི་དཀར་ཆག་》བཅས་སུ་གཟིགས།དེང་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་འགའ་ཞིག་ཏུ་གཙུག་ལག་ཁང་འདི་རྒྱ་བཟའ་ཀོང་ཇོས་བཞེངས་པ་ཡིན་ཟེར་བ་དང་།རྒྱ་བཟས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེའི་བཞུགས་གནས་ཀྱི་ཆེད་དུ་བཞེངས་པ་ཡིན་ཟེར་བ་སོགས་ནི་ལོ་རྒྱུས་ལ་རྒྱུས་མངའ་མེད་པའི་གཏམ་ཡིན་ནོ། །

language:
Tibetan

2. Thupten Phuntsok Dictionary

འདི་ལྷ་ས་གཙུག་ལག་ཁང་ལ་བསྟོད་བསྔགས་བྱས་པའི་མིང་སྟེ། སྔར་བལ་བཟའ་ཁྲི་བཙུན་གྱིས་གཙུག་ལག་ཁང་འདི་བཞེངས་སྐབས་མཐིལ་ཞལ་རྣམས་མེ་ལོང་ཕྱིས་པ་ལྟར་དྭངས་ཤིང་དེའི་ངོས་སུ་སྟེང་གི་ལོགས་བྲིས་དང་འབུར་བརྐོས་སོགས་ཀྱི་གཟུགས་བརྙན་གསལ་བར་སྣང་བ་ཞིག་ཡོད་པ་དེ་རྒྱལ་པོ་སྲོང་བཙན་སྒམ་པོར་གཟིགས་སུ་ཕུལ་བར་རྒྱལ་པོས་ཁྱེད་ཀྱིས་བཞེངས་པའི་ལྷ་ཁང་འདི་འཕྲུལ་དུ་སྣང་ངོ་ཞེས་གསུངས་པ་ལ་བརྟེན་ནས་འཕྲུལ་སྣང་དུ་ཐོགས་པ་དང་། གནྡྷོ་ལ་ཞེས་པའི་རྒྱ་གར་གྱི་སྐད་དེ་བོད་སྐད་དུ་བསྒྱུར་ན་དྲི་གཙང་ཁང་ཞེས་དབུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དང་གསུང་རྟེན་བཞུགས་པའི་ལྷ་ཁང་དང་དེའི་མཐའ་བསྐོར་དུ་ཁྱམས་བཅས་ཡོད་པ་ཞིག་ལ་ཟེར། དེ་དག་སྐོར་ཞིབ་ཕྲ་ལྷ་ས་གཙུག་ལག་ཁང་འདིའི་ལོ་རྒྱུས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང》དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་མཛད་པའི་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ལ་ཉམས་གསོ་བགྱིས་པའི་དཀར་ཆག》བཅས་སུ་གཟིགས། དེང་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་འགའ་ཞིག་ཏུ་གཙུག་ལག་ཁང་འདི་རྒྱ་བཟའ་ཀོང་ཇོས་བཞེངས་པ་ཡིན་ཟེར་བ་དང་། རྒྱ་བཟས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེའི་བཞུགས་གནས་ཀྱི་ཆེད་དུ་བཞེངས་པ་ཡིན་ཟེར་བ་སོགས་ནི་ལོ་རྒྱུས་ལ་རྒྱུས་མངའ་མེད་པའི་གཏམ་ཡིན་ནོ། །

language:
Tibetan