Skip to main content Skip to search
ba wo gsang sngags chos 'khor gling
ID:
T237311
  • བ་ཝོ་གསང་སྔགས་ཆོས་འཁོར་གླིང (Tibetan, Tibetan script, Original)
    • > ba wo gsang sngags chos 'khor gling (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ba wo sang ngak chökhor ling (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་དྲུག་པའི་ཆུ་སྦྲེལ་སྤྱི་ལོ་ (༡༩༣༢) ལོའི་ཟླ་བ་དགུ་པའི་ནང་། ཏིང་ཀྱཱ་དགོན་པ་དང་འཁྱིལ་ཁུག་དགོན་པ་གཉིས་ཆོས་བརྒྱུད་ལྷན་འཚོགས་པའི་སྐབས་སུ། ཡུལ་སྡེ་འདིའི་མགོ་དཔོན་ཚེ་རིང་དཔལ་ལྡན་དང་བ་རྒྱ་སོགས་ཀྱིས་ཡུལ་འདིར་ཡུལ་སྡེའི་མཆོད་གནས་དགོན་པ་ཞིག་འདེབས་རྒྱུའི་རེ་བ་ནན་ཞུས་མཐར། ཏིང་ཀྱཱ་ཀུན་བཟང་རང་གྲོལ་དང་། ཁམས་སྐུ་ཆེན་པདྨ་འགྱུར་མེད་སོགས་བགྲོས་ནས་སྔགས་སྡེ་ཞིག་བཙུགས། སྤྱི་ལོ་ (༡༩༥༧) ལོར་ཁམས་སྐུ་ཆེན་དང་། ཏིང་ཀྱཱ་བླ་མ་སོགས་ཀྱིས་ཡུལ་འདིར་དགོན་གནས་གསར་འདེབས་འགོ་བཙུགས། (༡༩༥༨) ལོར་གཏོར་གཤིགས་ཐེབས། སྤྱི་ལོ་ (༡༩༨༡) ལོར་པཎ་ཆེན་རིན་པོ་ཆེ་མཚོ་སྔོན་དུ་ཕེབས་སྐབས་ཡུལ་མི་ཚོའི་རེ་ཞུས་ལྟར་སྡེ་པ་འདིའི་ཆོས་ཚོགས་བསྐྱར་གསོ་བྱས། རབ་བྱུང་བཅུ་བདུན་པའི་ས་སྦྲུལ་སྤྱི་ལོ་ (༡༩༨༩) ལོར་དེང་གི་དགོན་པ་འདི་གསར་བཞེངས་གནང་། གྲུབ་མཐའ་རྙིང་མ་པ་ཡིན། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་རྫོང་ (གུང་ཧོ་རྫོང་) ཁོངས་སུ་ཡོད།

language:
Tibetan