- ba ri rin chen grags
- ID:
- T237319
- བ་རི་རིན་ཆེན་གྲགས (Tibetan, Tibetan script, Original)
- > ba ri rin chen grags (Tibetan, Latin script, Transliteration-THL Extended Wylie Transliteration)
- > ba ri rinchen drak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(བ་རི་ལོ་རྩྭ་ཡང་ཞུ)འདི་ཉིད་རབ་བྱུང་དང་པོའི་ལྕགས་འབྲུག་(༡༠༤༠)ལོར་སྟོད་མངའ་རིས་(ཁམས་སུ་འཁྲུངས་ཞེས་པའང་སྣང་)སུ་སྐུ་འཁྲུངས་། གཙོ་བོར་དོན་ཞགས་ཀྱི་སྐོར་ལ་འཕྲིན་ལས་ཆེ་བ་ལགས་། རྒྱ་གར་དུ་མུ་སྟེགས་ཀྱི་རྒྱལ་པོས་མི་བརྒྱ་ཕྲག་གླུད་དུ་གསོད་པ་གསེར་གང་ཡོད་ཀྱིས་བླུས་། ས་ཆེན་ཀུན་དགའ་སྙིང་པོའི་བླ་མ་མཛད། ས་སྐྱ་གོང་མ་འཁོན་ཀུན་མཆོག་རྒྱལ་པོ་སྐུ་གཤེགས་དུས་སྲས་ས་ཆེན་ནར་མ་སོན་པས་བླ་མ་འདི་ཉིད་ཀྱིས་གདན་ས་ལོ་བཅུའི་བར་བསྐྱངས་། མཐར་དགུང་ལོ་དོན་གཉིས་པ་རབ་བྱུང་གཉིས་པའི་ལྕགས་ཡོས་(༡༡༡༡)ལོར་སྐུ་གཤེགས་། དགུང་ལོ་དོན་གཉིས་བཞུགས་ཤིང་། ལོ་རྒྱུས་རྒྱས་པ་ད་ཕན་མ་འཐོང་ལགས། འདི་ཉིད་ཀྱི་འགྱུར་ལས། <<འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས་>> <<བྱ་རྒྱུད་>> <<དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་>>ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། <<འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་>>སོགས་དང་། བསྟན་འགྱུར་ལས་། <<དཔལ་འགྱེས་པའི་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས་བདག་བྱིན་གྱིས་བརླབས་པ་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་>> <<རྡོ་རྗེ་གུར་ནས་གསུངས་པའི་རོ་སྲེག་གི་ཆོ་ག>> <<དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་>>སོགས་མང་དུ་ངོ་།
- language:
- Tibetan