Skip to main content Skip to search
ba lang lca ba
ID:
T237321
  • བ་ལང་ལྕ་བ (Tibetan, Tibetan script, Original)
    • > ba lang lca ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > balang chawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཤིང་གསེབ་དང་། བསིལ་གྲིབ། རླན་ཚད་ཆེ་ས་སོགས་སུ་སྐྱེ་བ། མཚན་ཉིད་ཕལ་ཆེར་གོང་མ་དང་འདྲ་ཞིང་། ལོ་མ་ལྗང་སེར་འབོལ་ལ་མཉེན་པ། ཁ་གས་པའི་འབྲས་བུ་མགོ་སྦྲེལ་སྤུ་རྩུབ་ཅན་འདོགས་པ། སྨན་དུ་སྦྱར་བྱ་ནི་རྩ་བ་སྟེ། ཟླ་བཅུ་པ་ནས་བཅུ་གཅིག་པར་བརྐོས་ཏེ་ས་དྲེག་རྣམས་གཙང་མར་བཀྲུས་ལ་ཉི་སྐམ་ལེགས་ཚགས་བྱ། རོ་མངར་ཁ། ཞུ་རྗེས་དྲོད། ནུས་པས་ཡན་ལག་ཚིགས་ཀྱི་ཆུ་སེར་སྐེམ། མཁལ་རྐེད་ཀྱི་ནད་དང་གྲང་བ་སེལ། ཕོ་བའི་ནད་ལ་ཕན། ཁྲག་སོགས་ལུས་ཟུངས་གསོ།

language:
Tibetan