Skip to main content Skip to search
ba so ngag dbang dkon mchog nyi ma
ID:
T237324
  • བ་སོ་ངག་དབང་དཀོན་མཆོག་ཉི་མ (Tibetan, Tibetan script, Original)
    • > ba so ngag dbang dkon mchog nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ba so ngawang könchok nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མདོ་སྨད་འབའ་ལི་ཐང་ཆབ་དཀར་གྱི་མདོ་ཞེས་བྱ་བར་ཡབ་ཡ་སྙེ་དང་ཡུམ་ཚེ་དབང་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་༡༦༥༣ལོར་འཁྲུངས། དགུང་ལོ་ལྔ་ལ་སྤྲུལ་སྐུར་ངོས་འཛིན་ཞུས། དགུང་ལོ་བཅུ་གཅིག་ལ་རྒྱལ་དབང་ལྔ་པའི་དྲུང་དུ་རབ་བྱུང་བསྒྲུབས། མཚན་ངག་དབང་དཀོན་མཆོག་བསྟན་པའི་ཉི་མ་ཞེས་བསྩལ། དགུང་ལོ་བཅུ་གཉིས་པ་ལ་གདན་སར་ཆོས་བཞུགས་མཛད། དགུང་ལོ་བཅོ་ལྔ་ལ་ས་སྨད་ཁུལ་དུ་འབུལ་སྡུད་ཕེབས་། དགུང་ལོ་བཅུ་དྲུག་ལ་རྒྱལ་བའི་བཀའ་བཞིན་སེར་བྱེས་གྲྭ་ཚང་དུ་ཆོས་བཞུགས་མཛད། དགུང་ལོ་བཅུ་དགུ་ལ་ཕར་ཕྱིན་ཚོགས་ལངས་མཛད། དགུང་ལོ་ཉི་ཤུ་རྩ་གཅིག་པར་སྟག་ཚང་ར་བ་སྟོད་དུ་ཚད་མའི་ཐུགས་གཉེར་ལ་བཞུགས། དགུང་ལོ་ཉེར་གཉིས་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་དཀའ་བཅུའི་གྲྭ་སྐོར་མཛད་། འདར་པ་ལོ་ཙྰ་བ་ངག་དབང་ཕུན་ཚོགས་ཀྱི་དྲུང་ནས་རྩིས་དང་སྒྲ་རིག་པ་སོགས་ལ་གསན་བཞེས་མཛད། དགུང་ལོ་ཉེར་བཞི་ལ་རྒྱལ་དབང་ལྔ་པའི་དྲུང་དུ་འསྙེན་རྫོགས་བསྒྲུབས་། དེའི་ལོ་སྨད་དུ་ཁམས་ཕྱོགས་སུ་ཕེབས། ནགས་ཤོད། ཤོ་མདོ། རྫི་ཐོ་སོགས་དགོན་པ་ཁག་ལ་གནས་མཇལ་དང་། སྐྱེ་འགྲོ་མང་པོར་ཆོས་འཁོར་བསྐོར། དཔའ་ཤོད་བརྒྱུད་ཆབ་མདོ་བྱམས་པ་གླིང་དགོན་དུ་ཕེབས། དགུང་ལོ་ཉེར་དྲུག་ལ་དབུས་དུ་ཕེབས། རྡོ་རྗེ་འཆང་འཇམ་དབྱངས་གྲགས་པ་དང་། ངག་དབང་བློ་གྲོས་སོགས་ཀྱི་དྲུང་ནས་དུས་དགྲའི་དབང་པོའི་འཁྲུལ་འཁོར། རྟ་མགྲིན་སྒྲུབ་ཐབས་བརྒྱ་རྩ་སོགས་ཀྱི་དབང་ལུང་གསན། དགུང་ལོ་ཉེར་བརྒྱད་ལོ་ལ་རྒྱལ་དབང་ལྔ་པ་ཆེན་པོ་དང་ལྷན་དུ་འབྲས་སྤུངས་ཀུན་དགའ་ར་བའི་བཞུགས་གྲལ་ཆེན་མོའི་སར་སེ་འབྲས་དགེ་བཤེས་ཆེན་པོ་བདུན་གྱིས་དུས་གཅིག་ཏུ་བགྲོ་གླེང་ཕུལ་བས་སོ་སོར་ལན་ཐོགས་མེད་ཀྱི་ལན་གནང་ནས་ཕ་རོལ་ཕམ་པར་མཛད། གོང་ས་མཆོག་ནས་བསྔགས་བརྗོད་ཐོབ། དགུང་ལོ་སུམ་ཅུ་ལ་མདོ་སྔགས་དར་རྒྱས་གླིང་དུ་ཕྱིར་ཕེབས། དགུང་ལོ་སུ་གཅིག་ལོར་མདོ་སྨད་སོག་ཡུལ་སོགས་ལ་ཕེབས་ནས་འགྲོ་དོན་བསྐྱངས། དགུང་ལོ་ཞེ་གཅིག་ལོར་དབུས་སུ་ཕེབས་ནས་གོང་ས་མཆོག་སྤྲུལ་རིན་པོ་ཆེ་དང་སྡེ་སྲིད་སོགས་མཇལ། དགུང་ལོ་ཞེ་བཅུ་ཞེ་གཉིས་ལ་བཞུགས་གནས་དགའ་ལྡན་རྣམ་རྒྱལ་གསར་བསྐྲུན་མཛད། ཕྱག་རྩོམ་ལ་མཚོན་ན་ <<སྙན་ངག་མེ་ལོང་ལེའུ་གཉིས་པའི་དཔེར་བརྗོད་ངོ་མཚར་སྙན་ཚིག་གཏམ་གྱི་འདབ་བརྒྱ་>> <<གྲུབ་པའི་དབང་ཕྱུག་ཚེམ་བུ་ཞབས་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་ཟིན་བྲིས་རིན་ཆེན་དོ་ཤལ་>> <<སྒར་གྱི་བཅའ་ཐོ་འདོད་འཇོའི་བུམབཟང་>> <<བི་ཤྭ་ཀརྨྰའི་རྗེས་སུ་འཇུག་པ་>>སོགས་པོད་གཅིག་མཛད། མཐར་དགུང་ལོ་ང་ལྔ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་མེ་ཕག་(༡༧༠༧)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

མདོ་སྨད་འབའ་ལི་ཐང་ཆབ་དཀར་གྱི་མདོ་ཞེས་བྱ་བར་ཡབ་ལ་སྙེ་དང་ཡུམ་ཚེ་དབང་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ (༡༦༥༣) ལོར་འཁྲུངས། དགུང་ལོ་ལྔ་ལ་སྤྲུལ་སྐུར་ངོས་འཛིན་ཞུས། དགུང་ལོ་བཅུ་གཅིག་ལ་རྒྱལ་དབང་ལྔ་པའི་དྲུང་དུ་རབ་བྱུང་བསྒྲུབས། མཚན་ངག་དབང་དཀོན་མཆོག་བསྟན་པའི་ཉི་མ་ཞེས་བསྩལ། དགུང་ལོ་བཅུ་གཉིས་པ་ལ་གདན་སར་ཆོས་ཞུགས་མཛད། དགུང་ལོ་བཅོ་ལྔ་ལ་ས་སྨད་ཁུལ་དུ་འབུལ་སྡུད་ལ་ཕེབས། དགུང་ལོ་བཅུ་དྲུག་ལ་རྒྱལ་བའི་བཀའ་བཞིན་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། དགུང་ལོ་བཞི་བཅུ་ཞེ་གཉིས་ལ་བཞུགས་གནས་དགའ་ལྡན་རྣམ་རྒྱལ་གསར་སྐྲུན་མཛད། ཕྱག་རྩོམ་ལ་མཚོན་ན། སྙན་ངག་མེ་ལོང་ལེའུ་གཉིས་པའི་དཔེར་བརྗོད་ངོ་མཚར་སྙན་ཚིག་གཏམ་གྱི་འདབ་བརྒྱ》 གྲུབ་པའི་དབང་ཕྱུག་ཚེམ་བུ་ཞབས་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་ཟིན་བྲིས་རིན་ཆེན་དོ་ཤལ》 སྒར་གྱི་བཅའ་ཐོ་འདོད་འཇོའི་བུམ་བཟང》 བི་ཤྭ་ཀརྨཱའི་རྗེས་སུ་འཇུག་པ》སོགས་པོད་གཅིག་མཛད། མཐར་དགུང་ལོ་ང་ལྔ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་མེ་ཕག (༡༧༠༧) ལོར་སྐུ་གཤེགས།

language:
Tibetan