Skip to main content Skip to search
ba so ngag dbang chos kyi dbang phyug
ID:
T237325
  • བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག (Tibetan, Tibetan script, Original)
    • > ba so ngag dbang chos kyi dbang phyug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ba so ngawang chö kyi wangchuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་དབུས་སྟོད་སྤུན་དྲུག་རྫོང་དུ་ཡབ་སྡེ་པ་སྒམ་བུ་དང་ཡུམ་བསོད་ནམས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་རྟ་༡༦༠༦ལོར་འཁྲུངས། སྐུ་གཞོན་དུས་པན་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་དུ་རབ་བྱུང་བསྒྲུབས། དེ་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད། དགུང་ལོ་ཉི་ཤུ་རྩ་བཞི་ལ་རྒྱལ་བ་ལྔ་པ་བློ་བཟང་རྒྱ་མཚོའི་དྲུང་དུ་བསྙེན་རྗོགས་བསྒྲུབས། དགུང་ལོ་ཉི་ཤུ་རྩ་དྲུག་ལ་ལྷ་ས་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་མཛད་པས་མཁས་པའི་གྲགས་པ་ཐོབ།དེ་ནས་གཞིས་དགོན་དུ་ཕྱིར་ཕེབས་ནས་བྱ་ཕུག་མདོ་སྔགས་དར་རྒྱས་གླིང་དང་རྟ་ཚག་དགོན་པ་སོགས་དགོན་ཁག་སུམ་ཅུ་ཙམ་དང་། དགེ་འདུན་སྟོང་ཕྲག་གཉིས་ཙམ་། མི་སེར་དུད་ཁག་སྟོང་ཕྲག་བདུན་ལ་ཉེ་བའི་བླ་མ་དང་དཔོན་པོ་གཉིས་ཀ་མཉམ་དུ་མཛད། དགུང་ལོ་ཞེ་བཞི་ལོར་རྒྱལ་བ་ལྔ་པ་ཆེན་པོར་རང་རྣམ་ལྗགས་རྩོམ་ཡོང་བའི་ཞངས་སྐུལ་ཞུས། མཁས་པའི་ངྱ་བ་རྣམ་གསུམ་སྒོ་ནས་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལེན་པའི་རིམ་པ། གཅོད་ཀྱི་གདམས་པའི་སྐོར་གྱི་དབུ་ཕྱོགས་། གཞི་ལམ་འབྲས་གསུམ་གྱི་སྒོ་ནས་ལུས་སེམས་ཀྱི་དགོངས་པ་ལྟར་བྲིས་པ་། གསང་བ་འདུས་པའི་སྔགས་ཀྱི་ལྷ་སྐུའི་རྣལ་འབྱོར་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རྣལ་འབྱོར་བླ་མེད་རྒྱུད་ཀྱི་རྡོ་རྗེ་གསུམ་འདུས་པའི་དཀྱིལ་འཁོར་སྒྲུབ་མཆོད་། ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རྣམ་བཤད་། པན་ཆེན་བློ་བཟང་ཆོས་རྒྱན་གྱི་གསང་བའི་རྣམ་ཐར་སོགས་མདོ་སྔགས་ཀྱི་བཀའ་རྩོམ་པོད་གཉིས་ཙམ་བཞུགས་། དགུང་ལོ་ཞེ་བདུན་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་༡༦༥༢ལོར་སྐུ་གཤེགས་།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ནི་དབུས་སྟོད་སྤུན་དྲུག་རྫོང་དུ་ཡབ་སྡེ་པ་སྒམ་བུ་དང་ཡུམ་བསོད་ནམས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་རྟ (༡༦༠༦) ལོར་འཁྲུངས། སྐུ་གཞོན་དུས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་དུ་རབ་བྱུང་བསྒྲུབས། དེ་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། གྲུབ་མཐའ་དགེ་ལུགས་ཡིན། དགུང་ལོ་ཞེ་བདུན་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་ (༡༦༥༢) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ 1606 ལོར་དབུས་སྟོད་སྤུན་དྲུག་རྫོང་དུ་ཡབ་སྡེ་བ་སྒམ་བུ་དང་། ཡུམ་བསོད་ནམས་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1652 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་རབ་བྱུང་བསྒྲུབས། དེ་ནས་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བཞེས་མཛད། དགུང་ལོ་ཉི་ཤུ་རྩ་བཞི་པར་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉི་ཤུ་རྩ་དྲུག་པར་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་མཁས་པའི་གྲགས་པ་ཐོབ། དེ་ནས་རང་དགོན་དུ་ཕེབས་ཏེ་བྱ་ཕུག་མདོ་སྔགས་དར་རྒྱས་གླིང་དང་རྟ་ཚག་དགོན་པ་སོགས་དགོན་ཁག་སུམ་ཅུ་ཙམ་དང་། དགེ་འདུན་སྟོང་ཕྲག་གཉིས་ཙམ། མི་སེར་དུད་ཁག་སྟོང་[1078]ཕྲག་བདུན་ལ་ཉེ་བའི་བླ་མ་དང་དཔོན་པོ་གཉིས་ཀ་མཉམ་དུ་མཛད་དེ་ཆོས་སྲིད་གཉིས་ཀྱིས་དགོན་པ་དང་སྡེ་བ་བསྐྱངས། དགུང་ལོ་བཞི་བཅུ་ཞེ་བཞི་པར་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་ལ་རང་རྣམ་རྩོམ་དགོས་པའི་ཞབས་བསྐུལ་ཞུས། དགུང་ལོ་བཞི་བཅུ་ཞེ་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །ཁོང་གི་གསུང་རྩོམ་ནི《ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རྣམ་བཤད》དང་། 《རབ་བཏགས་ཀྱི་རྒྱན་བཟང་པོ་ངེས་དོན་སྦྲང་རྩིའི་སྨན་བཅུད》། 《རང་སེམས་སྤྲོས་པ་གཅོད་པའི་རྩ་བའི་རྡོ་རྗེའི་མགུར》། 《བསྐྱེད་རིམ་རྣམ་གཞག》 བཅས་ཆོས་ཚན་ལྔ་བཅུ་ང་གཉིས་ལོངས་པའི་བྲིས་མ་པོད་གཉིས་བཞུགས་སོ། །

language:
Tibetan